97616
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། མ་ཧཱ་ཡོ་ག རྙིང་མ། སྙིང་པོ་གསུམ་ནི། ཐེག་པ་ཐམས་ཅད་འབྱུང་བའི་སྙིང་པོ། ཐེག་པ་ཀུན་གྱི་འབྲས་བུའི་སྙིང་པོ། ཆོས་ཐམས་ཅད་ཀྱི་དོན་གྱི་སྙིང་པོ་དང་གསུམ་སྟེ། སྤར་ཁབ་ལས། སྙིང་པོ་ཞེས་བྱ་བ་ལ་གསུམ་སྟེ། དེ་ལ་ཐེག་པ་ཐམས་ཅད་འབྱུང་བའི་སྙིང་པོ་ནི་བྱིན་གྱིས་བརླབས་ཀྱིས་བསྟན་པ་སྟེ། གདུལ་བྱ་ལས་ཐ་མའི་དོན་དུ་རྒྱུད་འདི་བསྟན་པའི་མཛད་པས་གོ་ཕྱེ་ནས་ཐམས་ཅད་ཀྱང་འབྱུང་བ་སྟེ། གཞུང་ལས། འདུལ་བ་མདོ་སྡེ་ཆོས་མངོན་དང་། །ཞེས་པ་ནས། འབེབས་པར་མཐར་ཐུག་པའོ། །ཐེག་པ་ཀུན་གྱི་འབྲས་བུའི་སྙིང་པོ་ནི། སྒོ་ཀུན་ནས་བསྒྲུབ་པའི་མཐའ། རང་བཞིན་གསང་བའི་སྙིང་པོ་འདི་མངོན་དུ་བྱེད་པའི་ཕྱིར་གཞུང་ལས། ས་རྣམས་ཁྱད་པར་བཀོད་པ་ཡང་། །གསང་བའི་སྙིང་པོར་འགྲོ་བའི་ལམ། །ཞེས་པ་ལ་སོགས་པས་སྟོན་པའོ། །ཆོས་ཐམས་ཅད་ཀྱི་དོན་གྱི་སྙིང་པོ་ཡིན་པ་ནི། གཏན་ཚིགས་ཀྱི་སྒོ་གང་ནས་རྨལ་ཀྱང་། མཐར་ཐུག་པ་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ནི་རྟོགས་ཚོགས་སུ་བཏགས་པ་རིལ་སྐུ་དང་ཡེ་ཤེས་བཞི་བཅུ་གཉིས་སུ་སངས་རྒྱས་པས་འཁོར་བ་ཀར་དག་པ་སྟེ། གཞུང་ལས། དོན་བསྡུས་གསུང་རབ་བཞི་བཅུ་གཉིས། །དེ་ལས་ལྷག་པའི་དོན་སྨྲ་བ། །དེ་ནི་རྣམ་དག་ལམ་མིན་ཏེ། །རང་བློས་བསམ་པ་འཁྲུལ་པ་ཡིན། །ཅེས་པ་དང་། ཡང་། དེ་བཞིན་གཤེགས་པ་ཐམས་ཅད་ལ། །གསང་བ་འདི་ལས་གཞན་མི་མངའ། །ཞེས་གསུངས་སོ། །ཞེས་གསུངས། |
| Domain | ཆོས་ལུགས། |