97626

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྙིང་པོ་བྱང་ཆུབ་ཀྱི་བྱུང་ཚུལ་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། མཚོན་ཚུལ་ལྔའི་ཡ་གྱལ་ཞིག་སྟེ། བྱུང་ཚུལ་བཅུ་གཉིས་པོ་རྟོགས་བྱ་སྙིང་པོ་བྱང་ཆུབ་ཀྱི་གནས་ལུགས་ལ་སྦྱར་བ་དང་དེ་རྟོགས་ཚུལ་ལ་སྦྱར་བའི་སྒོ་ནས་མཚོན་པར་བྱེད་པའོ། །དཀའ་འགྲེལ་རྡོ་རྗེ་ཐ་རམ་འབྱེད་པའི་ལྡེའུ་མིག་ལས། དང་པོ་སྙིང་པོ་བྱང་ཆུབ་ཀྱི་བྱུང་ཚུལ་ལ་གཉིས་ཏེ། སྙིང་པོ་བྱང་ཆུབ་གནས་ལུགས་ལ་བྱུང་ཚུལ་བཅུ་གཉིས་ཚུལ་གྱི་རྩི་བ་དང༌། སྙིང་པོ་བྱང་ཆུབ་རྟོགས་ཚུལ་ལ་སྦྱོར་བའོ། །ཞེས་གསུངས་སོ། །
Domain [ཆོས་ལུགས།, ལྟ་གྲུབ།]