97628

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྙིང་པོ་བྱང་ཆུབ་དུ་ངེས་པའི་བྱུང་ཚུལ་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། བྱུང་ཚུལ་བཅུ་གཉིས་ཀྱི་ཡ་གྱལ་ཞིག་སྟེ། མདོ་དགོངས་པ་འདུས་པར་གསང་སྔགས་ཀྱི་ཆོས་འཇིག་རྟེན་དུ་བྱུང་བའི་སྐབས་བཅུ་གཉིས་སུ་གསུངས་པ་ལས། འདི་ནི་སྐྱེས་བུ་དམ་པ་ཐུབ་དཀའ་གཞོན་ནུ་ལ་སོགས་པ་སྙིང་པོ་བྱང་ཆུབ་ཉིད་དུ་སོན་ཏེ་ངེས་པ་རྙེད་ནས་གདུལ་བྱ་རུ་ཏྲའི་གཉེན་པོ་གྱུར་པའི་དུས་ནའང་གསང་སྔགས་འབྱུང་བའི་ཚུལ་མདོ་དགོངས་པ་འདུས་པ་ལེའུ་བཅོ་ལྔ་པར་གསལ་བ་ལྟར་དང་། ཡང་ཁྱེའུ་ལྔས་སྙིང་པོ་བྱང་ཆུབ་ཏུ་ངེས་པས་འགྲོ་བའི་གཉེན་པོར་གྱུར་པའི་ཚེའང་གསང་སྔགས་བྱུང་བར་གསུངས་སོ། །
Domain ཆོས་ལུགས།