97636

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྙིང་པོ་རྣམ་གསུམ་ (1)
Part of speech མིང་ཚིག
Definition བོན། གསང་སྔགས་སྒྲུབ་ཆོག་གི་གཞུང་ལས་སྔགས་འཛབ་ལས་གནད་ཆེ་བའམ་གཙོ་བོའི་སྙིང་པོ་ཞིག་ཡིན། སྐུ་གསུམ་གྱི་སྙིང་པོ་ལ་སྦྱར་ནས་བསྟན་ཏེ། སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་གྱིས་མཛད་པའི་ཨ་དཀར་གསལ་བ་དགུ་འཛབ་བམ་སྙིང་པོ་རྣམ་གསུམ་ལས། སྙིང་པོ་རྣམ་གསུམ་ནི་ས་ལེ་འོད་དང་། མ་ཏྲི། ཨ་དཀར་དང་གསུམ་དུ་བསྟན་ཡོད། བཀའ་ལུང་རྒྱ་མཚོ་ལས། སྐུ་གསུམ་གྱི་བསྙེན་པ། ས་ལེ་འོད་དང་། མ་ཏྲི། ཨ་དཀར་དང་གསུམ། ཞེས་སོ། །
Domain ཆོས་ལུགས།
སྙིང་པོ་རྣམ་གསུམ་ (2)
Part of speech མིང་ཚིག
Definition ཉམས་ལེན་གྱི་ཆ་ནས་སྙིང་པོ་གསུམ་ནི། དབྱིངས་དང་ཡེ་ཤེས་མཁའ་ལ་མཉམ་པའི་སྙིང་པོ་དང་། ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་སྙིང་པོ། ཤིན་ཏུ་གྲངས་མང་བའི་སྙིང་པོ་དང་གསུམ་མོ། སྙིང་པོ་གསུམ་ནི། ཨ་ཨ་ཨད་ཨཱོྃ་སལ་སལ་ནི་དང་པོའི་སྙིང་པོ་དང་། ཧ་འ་ཧཱུྃ་འོ་ལམ་ལམ་ནི་གཉིས་པ་དེའི་སྙིང་པོ། ཡཾ་ཡཾ་རཾ་རཾ་ཁཾ་ཁཾ་སྲུཾ་སྲུཾ་ཨཱོྃ་ཨཱོྃ། ཨ་ལོ་སྤར་ཨ་ལམ་གསལ་ཟེར་སྤྲོས་འོད་རུམ་ཁྱབ་གདལ་སྤྲོས་པ་མཁའ་ལ་མཉམ་སྟེ་བདལ་བདལ་ནི་གསུམ་པའི་སྙིང་པོ་སྟེ། མདོ་གཟེར་མིག་ལས་སོ། །
སྙིང་པོ་རྣམ་གསུམ་ (3)
Part of speech མིང་ཚིག
Definition རབ་གནས་ཀྱི་སྙིང་པོ་རྣམ་གསུམ་ནི། ཡེ་དབྱིངས་ཆོ་ག་ལས། སྙིང་པོ་རྣམ་གསུམ་གྱིས་མངའ་གསོལ་བ་ནི། བསྭོ་ཨཱོྃ་མ་ཁྱུང་པྲ་ཕུད་བིང་ང་ཉི་རི་བྷ་ར་ཏྲང་། བསྭོ་ཨཱོྃ་མུ་ཡེ་ཤེ་ཐུན་བིང་ང་ཉི་རི་བྷ་ར་ཏྲང་། བསྭོ་ཨཱོྃ་མུ་ནེ་གླང་ཆེན་བིང་ང་ཉི་རི་བྷ་ར་ཏྲང་། ཞེས་མ་དྷ་ར་བ་ལ་སྔགས། ཞེས་སོ། ། 4.མདོ། ཕར་ཕྱིན། བོན། ས་ལེ་འོད། དུ་ཏྲི་སུ། མ་ཏྲི་དང་གསུམ་མོ། དེ་ཡང་ཨ་ཨཱོྂ་ཧཱུྂ་ཨཱ་ཨ་དཀར་ས་ལེ་འོད་ཨ་ཡྃ་ཨཱོྃ་འདུ། ཞེས་པ་བོན་སྐུའི་སྙིང་པོོ་དང་། ཨ་དཀར་ཨ་རྨད་དུ་ཏྲི་སུ་ནག་པོ་ཞི་ཞི་མལ་མལ་སྭ་ཧཱ། ཞེས་པ་རྫོགས་སྐུའི་སྙིང་པོ་དང་། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཞེས་པ་སྤྲུལ་སྐུའི་སྙིང་པོ་ཞིག་བྱ་སྟེ། སུ་ལ་སྐལ་བཟང་བསྟན་པའི་རྒྱལ་མཚན་གྱིས་མཛད་པའི་ཀུན་མཁྱེན་ཤར་རྫ་པའི་རྣམ་ཐར་༣༠༢ལས། བོད་ཀྱི་ལྷ་སྐལ་སྙིང་པོ་རྣམ་གསུམ་ནི། མ་ཏྲི་སྤྲུལ་སྐུ་ཨ་དཀར་ལོངས་སྐུ་དང་། །ས་ལེ་འོད་ནི་བོན་སྐུའི་སྙིང་པོ་ཡིན། །ཞེས་གསུངས་སོ། །