97641

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྙིང་པོ་སྐྱེ་མེད་ཀ་དག་གི་སངས་རྒྱས་ (1)
Part of speech མིང་ཚིག
Definition སྔགས། རྫོགས་ཆེན། རྙིང་མ། སྙིང་པོ་སྐྱེ་མེད་ཀ་དག་གི་སངས་རྒྱས་ནི། འཇམ་དཔལ་མཚན་བརྗོད་ལས། དང་པོའི་སངས་རྒྱས་རྒྱུ་མེད་པ། །ཞེས་པ་སྟེ། རྒྱུད་ཚིག་འདིའི་འགྲེལ་པར། ཉི་ཟླ་འབར་བའི་སྒྲོན་མ་ལས། སྙིང་པོ་སྐྱེ་མེད་ཀ་དག་གི་སངས་རྒྱས་དེ་ལ། དང་པོ་རྒྱུ་འདི་ལས་བྱུང་བྱ་བའམ། བར་དུ་རྐྱེན་གྱིས་བསྐྱེད་པ་དང་། ཐ་མ་གཉེན་པོས་འཇིག་ཏུ་མེད་པའོ། །ཞེས་གསུངས།
Domain ཆོས་ལུགས།