97644
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། ས་སྐྱ། སྙིང་པོའི་དོན་ཡིད་ལ་བྱེད་པའི་ཚུལ་ནི། བདག་མེད་གཉིས་བསྒོམ་པའི་ཚུལ་ཏེ། ཀླུ་སྒྲུབ་ཀྱིས་བཤད་པ་ལྟར་རོ། །མངོན་པར་རྟོགས་པའི་དོན་ཡིད་ལ་བྱེད་པ་དང་འདི་གཉིས་པོ་ཡང་ལྡོག་པའི་དབྱེ་བས་ཕྱེ་བ་ཡིན་གྱི། རྫས་ཐ་དད་པ་ནི་མ་ཡིན་ཏེ། མཁྱེན་གསུམ་གྱི་རྟོགས་རིགས་བསྒོམ་པའི་ལྡོག་པ་ནས་མངོན་པར་རྟོགས་པ་ཡིད་ལ་བྱེད་པ་དང་། སྐྱེ་མེད་གསུམ་བསྒོམ་པའི་ལྡོག་པ་ནས། སྙིང་པོའི་དོན་ཡིད་ལ་བྱེད་པའི་བསྒོམ་རིམ་དུ་བསྟན་པ་ཙམ་ཡིན་པའི་ཕྱིར། བསྟན་ཚུལ་ནི་མི་འདྲ་སྟེ། ཀླུ་སྒྲུབ་ཀྱིས་སྙིང་པོའི་དོན་བསྒོམ་པའི་ལྡོག་པ་ནས་བསྟན་ལ། འདིར་བྱམས་པས་མངོན་པར་རྟོགས་པ་ཡིད་ལ་བྱེད་པའི་ལྡོག་པ་ནས་བསྟན་པའི་ཕྱིར་རོ་ཞེས་ཀུན་མཁྱེན་རོང་སྟོན་གྱི་རྣམ་བཤད་ཚིག་དོན་རབ་གསལ་ལས་སོ། ། |
| Domain | ཆོས་ལུགས། |