97656
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཕལ་ཆེན་ལེའུ་ཞེ་གསུམ་པ་ལས་བྱུང་བ་སྟེ། བརྩམ་པ་ཐམས་ཅད་མཐར་ཕྱིན་པར་བྱ་བའི་ཕྱིར་ཞེ་ནོན་པའི་སྙིང་། མཚན་དང་དཔེ་བྱད་བཟང་པོའི་བསོད་ནམས་ཀྱི་ཚོགས་ཡོངས་སུ་བསྡུ་བའི་ཕྱིར། སེམས་ཞུམ་པ་མེད་པའི་སྙིང། བདུད་ཀྱི་སྡེ་ཐམས་ཅད་རབ་ཏུ་གཞོམ་པའི་ཕྱིར། རྣམ་པར་གནོན་པ་ཆེན་པོའི་སྙིང་། ཉོན་མོངས་པ་ཐམས་ཅད་ཀྱིས་མི་ཚུགས་པའི་ཕྱིར། ཚུལ་བཞིན་དུ་སྦྱོར་བའི་སྙིང་། སྙིང་པོ་བྱང་ཆུབ་ཀྱི་བར་དུ་ཕྱིན་པར་བྱ་བའི་ཕྱིར། ཕྱིར་མི་འགྱུར་ཞིང་ཕྱིར་མི་ལྡོག་པའི་སྙིང་། སེམས་འཕོ་བ་མེད་པར་ཁོང་དུ་ཆུད་པས་མངོན་པར་ཆགས་པ་མེད་པའི་ཕྱིར། རང་བཞིན་གྱིས་འོད་གསལ་བའི་སྙིང་། ཇི་ལྟར་མོས་པའི་ཚུལ་བཞིན་དུ་རྣམ་པར་ཐར་པ་འཐོབ་པར་བྱ་བའི་ཕྱིར། སེམས་ཅན་གྱི་ཚུལ་ཤེས་པའི་སྙིང་། ཐེག་པ་གཞན་ལ་མོས་པ་མེད་པར་སེམས་ཅན་གྱི་ཁམས་ཡོངས་སུ་བསྐྱབ་པའི་ཕྱིར། ཚངས་པའི་རྣམ་པར་སྤྱོད་པ་རྒྱ་ཆེན་པོས་སངས་རྒྱས་ཀྱི་ཆོས་ལ་འཇུག་པའི་སྙིང་། ལྟ་བའི་མཚན་མས་ཁམས་གསུམ་ལ་མངོན་པར་ཆགས་པ་མེད་པར་བྱ་བའི་ཕྱིར། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། མངོན་པར་འདུ་བྱ་བ་མེད་པའི་སྙིང་། སེམས་ཅན་ཐམས་ཅད་བདུད་དུ་གྱུར་པའི་སྒོས་བདུད་ཐམས་ཅད་འོངས་པར་གྱུར་ཀྱང༌། སྤུ་གཅིག་ཀྱང་མི་གཡོ་བས་དཔལ་གྱི་བེའུས་བརྒྱན་ཅིང༌། རྡོ་རྗེའི་ཁམས་ལྟར་སྲ་ཞིང་བརྟན་པའི་སྙིང་པོ་དམ་པ་དང་ལྡན་པའི་སྙིང་ངོ༌། ། |
| Domain | ཆོས་ལུགས། |