97661
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་སྟེ། ༡ སེམས་ཅན་སྡུག་བསྔལ་བ་རྣམས་ནི། དེ་ལ་སེམས་ཅན་དམྱལ་བའི་སེམས་ཅན་ཡན་ཆད་གང་སུ་ཡང་རུང་བ་དག་གི་སྡུག་བསྔལ་གྱི་ཚོར་བ་རྒྱུན་དུ་གནས་ཤིང༌། རྒྱུད་ལ་ཞེན་པར་འདུག་པའི་སེམས་ཅན་དེ་དག་ནི་སྡུག་བསྔལ་བ་ཞེས་བྱའོ། ། ༢ ཉེས་པར་སྤྱོད་པ་རྣམས་ནི། གང་དག་སྡུག་བསྔལ་བར་ངེས་པ་ནི་མེད་མོད་ཀྱི། ཤས་ཆེར་ལུས་ཀྱི་ཉེས་པར་སྤྱོད་པ་ལྷག་པར་སྤྱོད་ཅིང༌། ངག་གི་ཉེས་པར་སྤྱོད་པ་དང༌། ཡིད་ཀྱི་ཉེས་པར་སྤྱོད་པ་ལྷག་པར་སྤྱོད་དེ། དེ་ལ་མངོན་པར་དགའ་བའི་རང་བཞིན་དུ་གནས་པའི་སེམས་ཅན་དེ་དག་ནི་ཉེས་པར་སྤྱད་པ་སྤྱོད་པ་ཞེས་བྱ་སྟེ། འདི་ལྟ་སྟེ། ཤན་པ་དང༌། ཕག་གསོད་པ་དང༌། བྱ་གག་གསོད་པ་ལ་སོགས་པ་ལྟ་བུའོ། ། ༣ བག་མེད་པ་རྣམས་ནི། གང་དག་སྡུག་བསྔལ་བ་དང༌། ཉེས་པར་སྤྱད་པ་སྤྱོད་པར་ངེས་པར་མེད་མོད་ཀྱི། འདོད་པ་རྣམས་ལ་ལྷག་པར་ཞེན་ཅིང་སྤྱོད་པ་དང༌། ཟློས་གར་མཁན་དང༌། བྲོ་གར་མཁན་དང༌། བཞད་གད་མཁན་དང༌། འཇོ་སྒེག་མཁན་དང༌། ལྟད་མོ་ལྷུར་འཛིན་པར་གནས་ཤིང༌། བདག་གི་བྱི་དོར་ལྷུར་ལེན་པའི་སེམས་ཅན་དེ་དག་ནི་བག་མེད་པ་ཞེས་བྱ་སྟེ། འདི་ལྟ་སྟེ། ཁ་ཅིག་འདོད་པ་ལ་ལོངས་སྤྱོད་པ་ལྟ་བུའོ། ། ༤ ལོག་པར་ཞུགས་པ་རྣམས་ནི། གང་དག་སྡུག་བསྔལ་བ་དང༌། ཉེས་པར་སྤྱད་པ་སྤྱོད་པ་དང༌། བག་མེད་པར་སྤྱོད་པ་ནི་མེད་མོད་ཀྱི། ལྟ་བ་ཉམས་པ་ལ་བརྟེན་ནས་སྡུག་བསྔལ་ལས་རྣམ་པར་ཐར་པར་བྱ་བའི་ཕྱིར་ཞུགས་པའི་སེམས་ཅན་དེ་དག་ནི་ལོག་པར་ཞུགས་པ་ཞེས་བྱ་སྟེ། འདི་ལྟ་སྟེ། འདོད་པ་རྣམས་སྤངས་ནས་ཉེས་པར་བཤད་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་ལྟ་བུའོ། ། ༥ ཉོན་མོངས་པའི་བག་ལ་ཉལ་བ་དང་ལྡན་པ་རྣམས་ནི། སེམས་ཅན་གང་དག་སྡུག་བསྔལ་བ་ནས་རྒྱས་པར་ལོག་པར་ཞུགས་པའི་བར་དུ་ངེས་པ་ནི་མེད་མོད་ཀྱི། ཉོན་མོངས་པ་མཐའ་དག་གིས་བཅིངས་པ་དང༌། མཐའ་དག་མ་ཡིན་པས་བཅིངས་པའི་སེམས་ཅན་དེ་དག་ནི་ཉོན་མོངས་པའི་བག་ལ་ཉལ་བ་དང་ལྡན་པ་ཞེས་བྱ་སྟེ། འདི་ལྟ་སྟེ། ཡང་དག་པར་ཞུགས་པའི་སོ་སོའི་སྐྱེ་བོ་དགེ་བ་གང་ཡིན་པ་དག་དང༌། སློབ་པ་གང་ཡིན་པ་དག་ལྟ་བུའོ། ། |
| Domain | ཆོས་ལུགས། |