97667

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྙིང་བོ་མདོ་ལྔ་ (1)
Part of speech མིང་ཚིག
Definition མདོ་སྐོར། ཀུན་མཁྱེན་དོལ་བོ་པས་མཛད་པའི་ཞུ་དོན་སྙིང་བོ་ལས། དེ་བཞིན་གཤེགས་པའི་སྙིང་པོའི་མདོ། རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས། ལྷ་མོ་དཔལ་འཕྲེང་སེང་གེའི་སྒྲའི་མདོ། རྔ་བོ་ཆེ་ཆེན་པོའི་མདོ། སོར་མོའི་འཕྲེང་བ་ལ་ཕན་པའི་མདོ་རྣམས་སོ། །དེ་ཡང་དང་པོ་དང་། གཉིས་པ་དང་། གསུམ་པ་དང་། བཞི་པ་དང་། ལྔ་པ་ནི་མདོ་སྡེ་ན་བཞུགས་ལ། གསུམ་པ་ནི་དཀོན་བརྩེགས་ན་བཞུགས་ཤིང་། གཉིས་པ་ནི་གཟུགས་འབུམ་ནང་ནའང་བཞུགས་སོ། །ཞེས་གསུངས་སོ། །