97683
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལོ་མང་སྐྱེ་བའི་སྡོང་རིང་སྐྱེ་དངོས་ཤིག་སྟེ། སྡོང་པོ་སྦོམ་ལ་འདྲོང་བ་ཁ་དོག་སྨུག་པ། ཡལ་ག་དང་ཡལ་ཕྲན་མང་པོ་གྱེས་ཤིང༌། ལོ་མ་སྔོ་ལྗང་མཐུག་ཅིང་འོད་མདངས་ཅུང་ཡོད་པ་རྒྱབ་སྐྱ་ལ་རྩ་རིས་དྲ་བ་ལྟར་གསལ་བ། མཐར་ཉག་ག་སོག་ལེའི་ཁ་འདྲ་བ་ཡོད་ཅིང་ངར་པ་ཐུང་བ། མེ་ཏོག་དཀར་པོ་འོད་མདངས་འཚེར་ཞིང་འདབ་མ་ལྔ་དང་ལྡན་པ་སྡོང་པོ་དང་ཡལ་གའི་མཚམས་ནས་ཆུན་པོར་ཤར་ཞིང༌། འབྲས་བུ་འཇོང་རིལ་སྙིང་དབྱིབས་ལྟ་བུ་ཆེ་ཆུང་ཁམ་བུ་ཙམ་པ་ཕྱི་ལྤགས་ཤ་རྒྱུ་སྲབ་ཅིང་ཚི་གུ་སྨུག་ལ་རིལ་བའི་མགོར་ཨི་ཁུང་སྐར་ལྔ་ལྟ་བུ་ཡོད་པ་ནི་ཁྱད་པར་གྱི་རྟགས་ཡིན། རྒྱ་གར་དང༌། བལ་ཡུལ། འབྲས་ལྗོངས། རྒྱ་ནག་གི་ཀོང་ཏུང༌སོགས་ཚ་བ་ཆེ་བའི་ཡུལ་གྱི་རི་ལྡེབས་དང་ནགས་གསེབ་སོགས་སུ་སྐྱེ་བ་མང་བ་དང༌། བོད་ཟླ་དགུ་པའི་ནང་འབྲས་བུ་བཏུས་ནས་མ་རུལ་བར་སྐམ་གསེད་བྱས་ཐོག ཤ་རུས་འདྲེས་མར་སྨན་དུ་སྤྱོད་དགོས། རོ་མངར་ལ་སྐྱུར་བ། ཞུ་རྗེས་མངར་བ། ནུས་པ་ཅུང་བསིལ་བ། ཕན་ནུས་སྙིང་གི་ཚད་པ་དང༌། སྙིང་གཟེར། སྙིང་མི་དགའ་བ་སོགས་སྙིང་ནད་ཀུན་ལ་ཕན་པ་ཡིན། |
| Domain | གསོ་རིག |