From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སྙིང་རྗེ་ (1)
| Part of speech
|
མིང་ཚིག
|
| Definition
|
གཞན་གྱི་སྡུག་བསྔལ་དང་གནས་སྟངས་ངན་པ་མཐོང་ནས་དེ་ལ་གདུང་སེམས་མཉམ་བསྐྱེད་ཀྱི་བསམ་བློ།
|
| Example
|
ནད་པར་སྙིང་རྗེ་སྐྱེས་པ། དབུལ་ཕོངས་ལ་སྙིང་རྗེ་བྱེད་པ། ཉམ་ཐག་ལ་སྙིང་རྗེ་བྱེད་པ་ལྟ་བུ།
|
སྙིང་རྗེ་ (2)
| Part of speech
|
མིང་ཚིག
|
| Definition
|
མདོ། ཐུགས་རྗེ་ཆེན་པོ་ནི། སེམས་ཅན་སྡུག་བསྔལ་ཅན་རྣམས་ཡོངས་སུ་སྐྱོབ་པར་འདོད་པའི་མཚན་ཉིད་ཅན་ནོ། །ཞེས་དང་། ཡང་དམིགས་པ་དང་རྣམ་པའི་མཚན་ཉིད་ཅན་གྱི་སྙིང་རྗེའི་སེམས། དབྱེ་བར། སེམས་ཅན་ལ་དམིགས་པའི་སྙིང་རྗེ་དང། །ཆོས་ལ་དམིགས་པའི་སྙིང་རྗེ་དང་། །དམིགས་པ་མེད་པའི་སྙིང་རྗེའོ། །ཞེས་རྗེ་བཙུན་རེད་མདའ་བའི་དབུ་འཇུག་རྣམ་བཤད་ལས་སོ། ། སྡུག་བསྔལ་ཅན་རྣམས་ཡོངས་སྐྱོབ་པ། །སྙིང་རྗེ་ཆེན་པོ་ཞེས་བྱའོ། །ཞེས་འབྱུང་བ་ལྟར། སྡུག་བསྔལ་ལས་སྐྱོབ་པར་འདོད་པའི་རྣམ་པ་ཅན་ནོ། །སེམས་ཅན་དང་། ཆོས་དང་། དམིགས་པ་མེད་པའི་སྙིང་རྗེ་གསུམ་མོ། །ཞེས་ཀུན་མཁྱེན་གོ་རམས་པའི་འཇུག་པའི་དཀའ་འགྲེལ་ལས་སོ། ། འདིར་དངོས་བསྟན་གྱི་སྙིང་རྗེ་ཡིན་ན་རང་གི་དམིགས་ཡུལ་དུ་གྱུར་པའི་སེམས་ཅན་སྡུག་བསྔལ་ལས་སྐྱོབ་པར་འདོད་པའི་རྣམ་པ་ཅན་གྱི་སེམས་བྱུང་སྙིང་རྗེ་ཡིན་པས་ཁྱབ་བོ། །ཞེས་མཁན་ཆེན་ངག་ཆོས་ཀྱིས་དབུ་འཇུག་སྤྱི་དོན་ལས་གསུངས་སོ། །
|
| Domain
|
ཆོས་ལུགས།
|
སྙིང་རྗེ་ (1)
| Part of speech
|
གྲངས་ཚིག
|
| Definition
|
གྲངས་གནས་དྲུག་ཅུའི་ནང་གི་ང་བཞི་པ་སྟེ་བྱམས་པ་ཆེན་པོ་བཅུའོ། །
|