From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སྙིང་རྗེ་གསུམ་ (1)
| Part of speech
|
མིང་ཚིག
|
| Definition
|
སེམས་ཅན་ལ་དམིགས་པའི་སྙིང་རྗེ་དང༌། ཆོས་ལ་དམིགས་པའི་སྙིང་རྗེ། དམིགས་མེད་ལ་དམིགས་པའི་སྙིང་རྗེ་བཅས་གསུམ་མོ། །
|
| Domain
|
ཆོས་ལུགས།
|
སྙིང་རྗེ་གསུམ་ (2)
| Part of speech
|
མིང་ཚིག
|
| Definition
|
སྔགས། རྫོགས་ཆེན། སྙིང་རྗེ་གསུམ་ནི། ཉི་ཟླ་འབར་བའི་སྒྲོན་མ་ལས། སྙིང་རྗེ་ཆེན་པོ་ཤེས་རབ་ཐབས། །ཞེས་པ། སྙིང་རྗེ་ནི་གསུམ་སྟེ། ཕྱོགས་མཚམས་འཛིན་པའི་སྙིང་རྗེ་དང་། ཀུན་ལ་ཁྱབ་པའི་སྙིང་རྗེ་དང་། ཅིར་མི་འཛིན་གྱི་སྙིང་རྗེ་དང་གསུམ་མོ། །ཆེན་པོ་ནི་རྫོགས་པ་ཆེན་པོའི་སྙིང་རྗེ་དང་། ཤེས་རབ་ནི་སྐྱེ་མེད་ཀ་དག་གི་དོན་རྟོགས་པ། ཐབས་ནི་འགྲོ་བ་སེམས་ཅན་རྣམས་ཀྱི་དོན་བྱེད་པའོ། །ཞེས་གསུངས།
|
སྙིང་རྗེ་གསུམ་ (3)
| Part of speech
|
མིང་ཚིག
|
| Definition
|
ཉི་ཟླ་འབར་བའི་སྒྲོན་མ་ལས། སྙིང་རྗེ་ལ་གསུམ་སྟེ། ཕྱོགས་རིས་མེད་པའི་སྙིང་རྗེ། ཀུན་ལ་ཁྱབ་པའི་སྙིང་རྗེ། ཅིར་མི་འབྱེད་ཀྱི་སྙིང་རྗེ་དང་གསུམ་མོ། །ཞེས་གསུངས་སོ། །
|