97700

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྙིང་རྗེ་ཆེན་པོ་ (1)
Part of speech མིང་ཚིག
Definition མདོ། གཞན་གཅེས་འཛིན་གྱིས་ཀུན་ནས་བསླངས་ཏེ་དམིགས་པ་སེམས་ཅན་ཐམས་ཅད་ལ་དམིགས་ནས་སེམས་ཅན་འདི་དག་སྡུག་བསྔལ་མཐའ་དག་ལས་བྲལ་བར་བྱའོ་སྙམ་པའི་བརྩེ་བ་ཞིག་ལ་སྙིང་རྗེ་ཆེན་པོ་ཞེས་བརྗོད། དེ་ལ་དབྱེ་ན། གསུམ་ཡོད་དེ། པཎ་ཆེན་ཕར་ཕྱིན་མཐའ་དཔྱོད་ལས། སྐབས་འདིར་སྙིང་རྗེ་ཆེན་པོ་ལ་གསུམ་ཡོད་པ་ལས། སེམས་ཅན་མི་རྟག་པར་རྟོགས་པའི་ཤེས་རབ་ཙམ་གྱིས་དངོས་སུ་ཟིན་པའི་སྙིང་རྗེ་ཆེན་པོ། ཆོས་ལ་དམིགས་པའི་སྙིང་རྗེ་ཆེན་པོའི་མཚན་ཉིད། སེམས་ཅན་བདེན་མེད་དུ་རྟོགས་པའི་ཤེས་རབ་ཀྱིས་དངོས་སུ་ཟིན་པའི་སྙིང་རྗེ་ཆེན་པོ། དམིགས་མེད་ཀྱི་སྙིང་རྗེ་ཆེན་པོའི་མཚན་ཉིད། དེ་གཉིས་གང་གིས་ཀྱང་མ་ཟིན་པའི་སྙིང་རྗེ་ཆེན་པོ། སེམས་ཅན་ཙམ་ལ་དམིགས་པའི་སྙིང་རྗེ་ཆེན་པོའི་མཚན་ཉིད་ཡིན། སྙིང་རྗེ་ཆེན་པོ་དང་སྙིང་རྗེ་ཚད་མེད་ལ་མུ་བཞི་རྩི་བ་ནི། བསམ་གཏན་གྱི་དངོས་གཞིའི་སྙོམས་འཇུག་མ་ཐོབ་པའི་བྱང་སེམས་ཚོགས་ལམ་པའི་རྒྱུད་ཀྱི་སྙིང་རྗེ་ཆེན་པོ་ལྟ་བུ། སྔ་མ་ཡིན་ལ་ཕྱི་མ་མ་ཡིན་པའི་མུ། ཉན་ཐོས་འཕགས་པའི་རྒྱུད་ཀྱི་སྙིང་རྗེ་ཚད་མེད་ལྟ་བུ། ཕྱི་མ་ཡིན་ལ་སྔ་མ་མ་ཡིན་པའི་མུ། བྱང་འཕགས་ཀྱི་རྒྱུད་ཀྱི་སྙིང་རྗེ་ཆེན་པོ་ལྟ་བུ། གཉིས་ཀ་ཡིན་པའི་མུར་འགྱུར་རོ། །ཁ་ཅིག སྙིང་རྗེ་གསུམ་གྱི་ངོ་བོ་ལ། མི་རྟག་པས་ཁྱད་པར་དུ་བྱས་པའི་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ཆེན་པོ། ཆོས་ལ་དམིགས་པའི་སྙིང་རྗེ་ཆེན་པོའི་མཚན་ཉིད། བདེན་མེད་ཀྱིས་ཁྱད་པར་དུ་བྱས་པའི་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ཆེན་པོ་དམིགས་མེད་ཀྱི་སྙིང་རྗེ་ཆེན་པོའི་མཚན་ཉིད། དེ་གཉིས་གང་ལ་ཡང་མ་དམིགས་པའི་སྙིང་རྗེ་ཆེན་པོ། སེམས་ཅན་ཙམ་ལ་དམིགས་པའི་སྙིང་རྗེ་ཆེན་པོའི་མཚན་ཉིད་ཟེར་བ་མི་འཐད་དེ། སྙིང་རྗེ་ཆེན་པོ་ཡིན་ན། མི་རྟག་པས་ཁྱད་པར་དུ་བྱས་པའི་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ཆེན་པོ་ཡིན་པས་ཁྱབ། བདེན་མེད་ཀྱི་ཁྱད་པར་དུ་བྱས་པའི་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ཡིན་པས་ཀྱང་ཁྱབ་པའི་ཕྱིར། ཕྱི་མ་དེར་ཐལ། མྱུ་གུ་ལ་ཚད་མར་སོང་ན། བདེན་མེད་ཀྱིས་ཁྱད་པར་དུ་བྱས་པའི་མྱུ་གུ་ལ་ཚད་མར་སོང་དགོས་པའི་ཕྱིར་ཏེ། མྱུ་གུ་ལ་ཚད་མར་སོང་ན། བདེན་པར་མེད་པའི་མྱུ་གུ་ལ་ཚད་མར་སོང་དགོས་པའི་ཕྱིར། ཞེས་སོགས་གསུངས། ཕར་ཕྱིན་སྤྱི་དོན་ལས། གསུམ་པ་སྙིང་རྗེ་གསུམ་གྱི་ཁྱད་པར་ཡོད་དེ། སྙིང་རྗེ་ཆེན་པོ་གཞིར་བཞག་པ་ལ་སེམས་ཅན་མི་རྟག་པར་རྟོགས་པའི་ཤེས་རབ་ཀྱིས་དངོས་སུ་ཟིན་པ་ཆོས་ལ་དམིགས་པའི་སྙིང་རྗེ་ཆེན་པོ་དང། སེམས་ཅན་བདེན་མེད་དུ་རྟོགས་པའི་ཤེས་རབ་ཀྱིས་དངོས་སུ་ཟིན་པ་དམིགས་མེད་ལ་དམིགས་པའི་སྙིང་རྗེ་ཆེན་པོ་དང། དེ་གཉིས་གང་གིས་ཀྱང་མ་ཟིན་པ་སེམས་ཅན་ཙམ་ལ་དམིགས་པའི་སྙིང་རྗེ་ཆེན་པོར་འཇོག་པའི་ཕྱིར། ཞེས་གསུངས། སྤྱི་མཐའ་གཉིས་ལས་ཆོས་ལ་དམིགས་པའི་སྙིང་རྗེའི་མཚན་ཉིད་ཅུང་མི་འདྲ་བ་མ་གཏོགས་གཞན་རྣམས་འདྲ་བར་མངོན་ནོ། །
Domain ཆོས་ལུགས།

{{#arraymap:སྙིང་རྗེ་ཆེན་པོ་

|; |@@@ | | }}

སྙིང་རྗེ་ཆེན་པོ་ (2)
Part of speech མིང་ཚིག
Definition དམིགས་པ་སེམས་ཅན་ཐམས་ཅད་ལ་དམིགས་ནས་རྣམ་པ་སྡུག་བསྔལ་གསུམ་ཆར་ལས་སྐྱོབ་འདོད་ཀྱི་གཏི་མུག་མེད་པའི་ཤེས་རབ་ཅིག་སྟེ། སེར་སྨད་རྒྱལ་དབང་མཛོད་ལས། བྱང་སེམས་སོགས་ཀྱི་རྒྱུད་ཀྱི་སྙིང་རྗེ་དེ་དག་ལ་ཅིའི་ཕྱིར་ཆེན་པོའི་སྒྲར་བརྗོད་ཅེ་ན། ངོ་བོ་གཏི་མུག་མེད་པའི་ཤེས་རབ་དང༌། དམིགས་པ་སེམས་ཅན་ཐམས་ཅད་ལ་དམིགས་པ་དང༌། རྣམ་པ་སྡུག་བསྔལ་གསུམ་ཆར་ལ་རྟོག་པའི་རྣམ་པ་ཅན་ཡིན་པས་འབྲས་བུ་བསོད་ནམས་ཚད་མེད་པ་འཛིན་པའི་ཕྱིར་ཆེན་པོ་ཞེས་བརྗོད་དགོས་པ་ཡིན་ནོ། །ཞེས་གསུངས།

{{#arraymap:སྙིང་རྗེ་ཆེན་པོ་

|; |@@@ | | }}

སྙིང་རྗེ་ཆེན་པོ་ (1)
Part of speech གྲངས་ཚིག
Definition གྲངས་གནས་དྲུག་ཅུའི་ནང་གི་ང་ལྔ་པ་སྟེ་སྙིང་རྗེ་བཅུའོ། །

{{#arraymap:སྙིང་རྗེ་ཆེན་པོ་

|; |@@@ | | }}