97701
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཕལ་ཆེན་ལེའུ་ཞེ་གསུམ་པ་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པ་ལས་བྱུང་བ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྙིང་རྗེ་ཆེན་པོ་ཡོངས་སུ་དག་པ་བཅུ་སྟེ། ༡ འདི་ལྟར་ཁོང་ནས་སྙིང་རྗེ་བའི་ཕྱིར། གྲོགས་མེད་པའི་སྙིང་རྗེ་ཆེན་པོ་ཡོངས་སུ་དག་པ། ༢ སྡུག་བསྔལ་གྱི་ཕུང་པོ་ཐམས་ཅད་ལེན་པ་ལ་ཞུམ་པ་མེད་པའི་ཕྱིར། ཡོངས་སུ་སྐྱོ་བ་མེད་པའི་སྙིང་རྗེ་ཆེན་པོ་ཡོངས་སུ་དག་པ། ༣ ཆེད་དུ་བསམས་ཏེ་སྐྱེ་བ་ལེན་ཅིང་མངོན་པར་འདྲེན་པའི་ཕྱིར། ངན་སོང་དང་མི་ཁོམ་པར་སྐྱེས་པ་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་ཡོངས་སུ་དག་པ། ༤ མི་རྟག་པའི་དོན་ཡོངས་སུ་བསྟན་པའི་ཕྱིར། ལྷ་དང་མིར་སྐྱེས་པ་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་ཡོངས་སུ་དག་པ། ༥ བསྐལ་པ་དཔག་ཏུ་མེད་པར་གོ་ཆ་མི་འདོར་བའི་ཕྱིར། ལོག་པར་ངེས་པ་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་ཡོངས་སུ་དག་པ། ༦ སེམས་ཅན་ཐམས་ཅད་ལ་བདེ་པ་བསྟབས་པའི་ཕྱིར་བདག་གི་བདེ་བ་ལ་ཆགས་པ་མེད་པའི་སྙིང་རྗེ་ཆེན་པོ་ཡོངས་སུ་དག་པ། ༧ རང་གི་སེམས་ཡོངས་སུ་སྦྱང་བའི་ཕྱིར། ལེགས་པར་བྱས་པ་ཐམས་ཅད་ལ་ལན་མི་རེ་བའི་སྙིང་རྗེ་ཆེན་པོ་ཡོངས་སུ་དག་པ། ༨ ཡང་དག་པ་ཇི་ལྟར་བཞིན་དུ་ཆོས་བསྟན་པའི་ཕྱིར། ཕྱིན་ཅི་ལོག་དང༌། མི་ཤེས་པ་ལ་གནས་པའི་འཇིག་རྟེན་གྱི་རྒྱུད་རྣམ་པར་བཟློག་པའི་སྙིང་རྗེ་ཆེན་པོ་ཡོངས་སུ་དག་པ། ༩ གཞན་ཡང་བྱང་ཆུབ་སེམས་དཔས་ཆོས་ཐམས་ཅད་རང་བཞིན་གྱིས་འོད་དང་ཞིང་གསལ་བ་དང༌། ཡོངས་སུ་གདུང་བ་མེད་པ་དང༌། ཀུན་ནས་འཁྲུག་པ་མེད་པ་སྟེ། གློ་བུར་གྱི་དྲི་མ་དང༌། ཀུན་ནས་ཉོན་མོངས་པས་ཀུན་ནས་ཉོན་མོངས་པར་གྱུར་ཏོ། །ཞེས་བྱ་བར་ཤེས་ནས་སེམས་ཅན་ཐམས་ཅད་ལ་ཐོག་མ་ནས་དག་ཅིང༌། རྣམ་པར་དག་པ་དང་དྲི་མ་མེད་ཅིང་ཡོངས་སུ་དག་པ་དང༌། རང་བཞིན་གྱིས་འོད་དང་ཞིང་གསལ་བའི་ཆོས་བསྟན་པའི་ཕྱིར། སྙིང་རྗེ་ཆེན་པོ་སྐྱེ་བ། ༡༠ གཞན་ཡང་བྱང་ཆུབ་སེམས་དཔས་ཆོས་ཐམས་ཅད་ནམ་མཁའི་བྱ་ལམ་ལྟ་བུ་ཡིན་ཡང༌། རང་གི་སྒྲིབ་པས་བསྒྲིབས་པས་ཤེས་པར་མ་གྱུར་ཏོ། །ཞེས་བྱ་བར་ཤེས་ནས། སེམས་ཅན་ཐམས་ཅད་ལ་ཡང་དག་པའི་ལམ་ཐེག་པ་ཆེན་པོའི་འབྱུང་བ་ཡོངས་སུ་བསྟན་པའི་ཕྱིར། སྙིང་རྗེ་ཆེན་པོ་འབྱུང་བའོ། ། |
| Domain | ཆོས་ལུགས། |