97702

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྙིང་རྗེ་ཆེན་པོ་རབ་ཏུ་ཐོབ་པ་བཅུ་ (1)
Part of speech མིང་ཚིག
Definition ཕལ་ཆེན་ལེའུ་ཞེ་གསུམ་པ་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པ་ལས་བྱུང་བ་སྟེ། འདི་ལྟར་སེམས་ཅན་གྱི་ཁམས་མགོན་མེད་པ་རྣམས་ལ་རྣམ་པར་ལྟ་བའི་སྙིང་རྗེ་ཆེན་པོ་རབ་ཏུ་ཐོབ་པ། སེམས་ཅན་གྱི་ཁམས་ཐེག་པ་མེད་པ་ལ་རྣམ་པར་ལྟ་བའི་སྙིང་རྗེ་ཆེན་པོ་རབ་ཏུ་ཐོབ་པ། དགེ་བའི་རྩ་བས་དབུལ་བའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བའི་སྙིང་རྗེ་ཆེན་པོ་རབ་ཏུ་ཐོབ་པ། ཡུན་རིང་པོ་ནས་གཉིད་ཀྱི་བརྒྱལ་བའི་སེམས་ཀྱི་ཁམས་ལ་རྣམ་པར་ལྟ་བའི་སྙིང་རྗེ་ཆེན་པོ་རབ་ཏུ་ཐོབ་པ། དགེ་བ་མེད་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བའི་སྙིང་རྗེ་ཆེན་པོ་རབ་ཏུ་ཐོབ་པ། འདོད་ཆགས་ཀྱི་བཅིང་བས་གླགས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བའི་སྙིང་རྗེ་ཆེན་པོ་རབ་ཏུ་ཐོབ་པ། སྲིད་པའི་གྲངས་ཆེན་མཚོར་རབ་ཏུ་གཞོལ་བར་གྱུར་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བའི་སྙིང་རྗེ་ཆེན་པོ་རབ་ཏུ་ཐོབ་པ། ཡུན་རིང་པོ་ནས་ན་བའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བའི་སྙིང་རྗེ་ཆེན་པོ་རབ་ཏུ་ཐོབ་པ། དགེ་བའི་ཆོས་ལ་མོས་པ་མེད་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བའི་སྙིང་རྗེ་ཆེན་པོ་རབ་ཏུ་ཐོབ་པ། སངས་རྒྱས་ཀྱི་ཆོས་ལས་ཤིན་ཏུ་འཁྱམས་པར་གྱུར་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བའི་སྙིང་རྗེ་ཆེན་པོ་རབ་ཏུ་ཐོབ་པའོ། །
Domain ཆོས་ལུགས།