97703

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྙིང་རྗེ་ཆེན་པོ་ལ་འཇུག་པ་རྣམ་པ་བཅུ་ (1)
Part of speech མིང་ཚིག
Definition དཀོན་བརྩེགས་ལེའུ་ལྔ་པ་ལས་བྱུང་བ་སྟེ། བསམ་པ་ལས་བྱུང་བའི་ཕྱིར་དེའི་སྙིང་རྗེ་ཆེན་པོ་དེ་ཡང་གཡོ་བ་མེད་པར་འཇུག་གོ ། ལྷག་པའི་བསམ་པ་ལས་ཤིན་ཏུ་བྱུང་བའི་ཕྱིར་དེའི་སྙིང་རྗེ་ཆེན་པོ་དེ་ཡང་མཉམ་པར་འཇུག་གོ ། ལམ་ལས་བྱུང་བའི་ཕྱིར་དེའི་སྙིང་རྗེ་ཆེན་པོ་དེ་ཡང་དྲང་པོ་བཅོས་མ་མ་ཡིན་པར་འཇུག་གོ ། སེམས་གྱ་གྱུ་མེད་པའི་སེམས་ལས་ཤིན་ཏུ་གནས་པ་ལས་བྱུང་བའི་ཕྱིར་དེའི་སྙིང་རྗེ་ཆེན་པོ་དེ་ཡང་གྱ་གྱུ་མེད་པར་འཇུག་གོ ། སེམས་ཅན་ཐམས་ཅད་ལ་འདུད་པ་དང༌། ཕྱག་འཚལ་བ་ལས་ཤིན་ཏུ་བྱུང་བའི་ཕྱིར་དེའི་སྙིང་རྗེ་ཆེན་པོ་དེ་ཡང་བདག་གི་བདེ་བ་གཏོང་བར་འཇུག་གོ ། བདག་གི་སེམས་ཡོངས་སུ་དག་པ་ལས་བྱུང་བའི་ཕྱིར་དེའི་སྙིང་རྗེ་ཆེན་པོ་དེ་ཡང་ཕ་རོལ་རྗེས་སུ་སྲུང་བར་འཇུག་གོ ། གཡོ་ཞིང་འགུལ་བའི་སེམས་དང་བྲལ་བ་རབ་ཏུ་གནས་པའི་སེམས་ལས་བྱུང་བའི་ཕྱིར་དེའི་སྙིང་རྗེ་ཆེན་པོ་དེ་ཡང་ཤེས་རབ་བརྟན་པར་འཇུག་གོ ། ཕ་རོལ་ལ་བདེ་བ་སྦྱིན་པ་ལས་རབ་ཏུ་བྱུང་བའི་ཕྱིར་དེའི་སྙིང་རྗེ་ཆེན་པོ་དེ་ཡང་བདག་གི་བདེ་བ་གཏོང་བར་འཇུག་གོ ། བརྩོན་འགྲུས་བརྟན་པ་ལས་རབ་ཏུ་བྱུང་བའི་ཕྱིར་དེའི་སྙིང་རྗེ་ཆེན་པོ་དེ་ཡང་སེམས་ཅན་ཐམས་ཅད་ཀྱི་ཁུར་འཁྱེར་བར་འཇུག་གོ ། འདི་ལྟར་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་ནི། རྣམ་པ་འདི་དག་དང༌། གཞན་ཡང་རྣམ་པ་བཅུས་འཇུག་གོ །
Domain ཆོས་ལུགས།