9771

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཟུགས་ཁམས་གནས་རིགས་བཅུ་བདུན་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་རྒྱུད་པ། རྒྱུ་སྙོམས་འཇུག་གི་བསམ་གཏན་བཞི་བསྒོམས་པའི་འབྲས་བུ་གཟུགས་ཁམས་ཀྱི་ལྷའི་གནས་མི་འདྲ་བ་བཅུ་བདུན་ཡོད་པ་ལ་ཟེར། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། བསམ་གཏན་བཞི་བསྒོམས་པ་ལ་འབྲས་བུའམ་ཕན་ཡོན་ཡོད་དེ། བསམ་གཏན་དང་པོ་ཆུང་འབྲིང་ཆེན་པོ་གསུམ་བསྒོམས་པ་ལས་རིམ་པ་བཞིན་དུ། ཚངས་རིས། ཚངས་པ་འདུན་ན་འདོན། ཚངས་ཆེན་རྣམས་ཀྱི་སྐྱེ་བ་འགྲུབ། བསམ་གཏན་གཉིས་པ་ཆུང་ངུ་འབྲིང་ཆེན་པོ་གསུམ་བསྒོམས་པ་ལས་རིམ་པ་བཞིན་དུ། འོད་ཆུང། ཚད་མེད་འོད། འོད་གསལ་རྣམས་ཀྱི་སྐྱེ་བ་འགྲུབ། བསམ་གཏན་གསུམ་པ་ཆུང་འབྲིང་ཆེན་པོ་གསུམ་བསྒོམས་པས་རིམ་པ་བཞིན་དགེ་ཆུང་། ཚད་མེད་དགེ དགེ་རྒྱས་རྣམས་ཀྱི་སྐྱེ་བ་འགྲུབ། བསམ་གཏན་བཞི་པ་ཆུང་འབྲིང་ཆེན་པོ་གསུམ་བསྒོམས་པས་རིམ་པ་བཞིན། སྤྲིན་མེད། བསོད་ནམས་སྐྱེས། འབྲས་བུ་ཆེ་རྣམས་ཀྱི་སྐྱེ་བ་འགྲུབ། བསམ་གཏན་གྱི་སྤེལ་སྒོམ་ལྔ་བསྒོམས་པ་ལས་རིམ་པ་བཞིན། མི་ཆེ་བ། མི་གདུང་བ། གྱ་ནོམ་སྣང་། ཤིན་ཏུ་མཐོང་། འོག་མིན་རྣམས་ཀྱི་སྐྱེ་བ་འགྲུབ་པའི་ཕྱིར། གཟུགས་མེད་ཀྱི་སྙོམས་འཇུག་ཆུང་འབྲིང་ཆེན་པོ་བསྒོམས་པ་ལ་འབྲས་བུའམ་ཕན་ཡོན་ཡོད་དེ། གཟུགས་མེད་ཀྱི་སྐྱེ་བ་མཐོ་དམན་དང་བཟང་ངན་ཅི་རིགས་འགྲུབ་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།