97721

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྙིང་རྗེ་ཙམ་པོ་བ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། དམིགས་པ་འདོད་པའི་སེམས་ཅན་ཁོ་ན་ལ་དམིགས་ནས་རྣམ་པ་སྡུག་བསྔལ་གྱི་སྡུག་བསྔལ་ཁོ་ན་ལས་བྲལ་འདོད་ཙམ་གྱི་ཞེ་སྡང་མེད་པའི་དགེ་རྩ་ཞིག་སྟེ། སེར་སྨད་རྒྱལ་དབང་མཛོད་ལས། འོ་ན་སྙིང་རྗེ་ཙམ་པོ་བ་དང༌། ཐུགས་རྗེ་ཆེན་པོ་གཉིས་ལ་ཁྱད་པར་ཅི་ཡོད་ཅེ་ན། ཁྱད་པར་རམ་ཐ་དད་དུ་འབྱེད་ཚུལ་བརྒྱད་ཡོད་དེ། སྙིང་རྗེ་ཙམ་པོ་བ་དེ་ནི་ཞེ་སྡང་མེད་པའི་ངོ་བོ་ཉིད་དང༌། སྡུག་བསྔལ་གྱི་སྡུག་བསྔལ་ཁོ་ནའི་རྣམ་པ་ཅན་དང༌། དམིགས་པ་འདོད་པའི་སེམས་ཅན་ཁོ་ན་ལ་དམིགས་པ་དང༌། ས་བསམ་གཏན་ས་དྲུག་གམ་བཞི་ཆར་ན་ཡོད་པ་དང༌། ཉན་རང་དང་སོ་སྐྱེའི་རྒྱུད་ལ་ཡང་ཡོད་པ་དང༌། འདོད་པ་ལས་འདོད་ཆགས་དང་བྲལ་པ་ཙམ་གྱིས་ཐོབ་པ་དང༌། ཉན་ཐོས་ལ་སོགས་པས་ནི་སྙིང་རྗེ་བ་འབའ་ཞིག་ཏུ་ཟད་པ་ལས་འཁོར་བའི་སྡུག་བསྔལ་ལས་ཡོངས་སུ་མི་སྐྱོབ་པ་དང༌། ཡུལ་སྡུག་བསྔལ་གྱི་སྡུག་བསྔལ་ཅན་ཁོ་ན་ལ་སྐྱེ་བ་ལས་སེམས་ཅན་ཐམས་ཅད་ལ་འདྲ་བར་སྙིང་རྗེ་བ་མ་ཡིན་ལ། ཐུགས་རྗེ་ཆེན་པོ་ནི་གཏི་མུག་མེད་པའི་ངོ་བོ་ཉིད་དང༌། སྡུག་བསྔལ་གསུམ་ཆར་གྱི་རྣམ་པ་ཅན་དང༌། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་དམིགས་པ་དང༌། ཏིང་ངེ་འཛིན་ལས་སུ་རུང་བ་ཉིད་ཀྱིས་བསྐྱེད་དགོས་པས་བསམ་གཏན་བཞི་པའི་ས་པ་ཁོ་ན་དང༌། སངས་རྒྱས་འཕགས་པ་ཁོ་ནའི་ཐུགས་རྒྱུད་ལ་ཡོད་པ་དང༌། སྲིད་རྩེ་ལས་འདོད་ཆགས་དང་བྲལ་བས་ཐོབ་པ་དང༌། སེམས་ཅན་ཐམས་ཅད་འཁོར་བའི་འཇིགས་པ་ཆེན་པོ་ལས་སྐྱོབ་པ་དང༌། སེམས་ཅན་ཐམས་ཅད་ལ་འདྲ་བར་ཐུགས་བརྩེ་བ་ཡིན་པའི་ཕྱིར་རོ། །ཞེས་གསུངས།
Domain ཆོས་ལུགས།