97736
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པ་ལས་གསུངས་པའི་འབྱེད་པའི་ལྡེ་མིག་ཡན་ལག་དྲུག་ལས་སྦྱོར་བའི་ཡན་ལག་གི་ནང་གསེས་ཤིག་སྟེ། སྙིང་རྗེའི་སྒོམ་སྤྱོད་ཀྱིས་ཡུལ་གྱི་དོན་བྱེད་པ་ལ་སྦྱོར་བའི་ཕྱིར་སྙིང་རྗེའི་ཡུལ་ལ་སྦྱོར་བ་ཞེས་བྱ། དེའི་དོན་གཟི་ལྡན་འཆར་ཁའི་འོད་སྣང་ལས། གང་འགྲོ་བ་རིགས་དྲུག་གི་སེམས་ཅན་རྣམས་རྒྱུ་ཀུན་འབྱུང་གི་བདེན་པ་ལས་དང་ཉོན་མོངས་པས་ཁམས་གསུམ་དུ་སྨིན་པར་བྱེད་པ་ལ་དགོངས་ཏེ་སྙིང་རྗེས་དོན་སྤྱོད་པ་ལ་སྦྱོར་བ་དང༌། རྒྱུ་དེས་སྒྲུབས་པའི་འབྲས་བུ་སྡུག་བསྔལ་གྱི་བདེན་པ་སྤྱི་དང་ཁྱད་པར་དུ་གསུམ་དང་བརྒྱད་ལ་སོགས་པས་གདུང་ཞིང་ཉམ་ཐག་པ་ལ་རྗེས་སུ་དགོངས་ཏེ་སྙིང་རྗེས་དོན་སྤྱོད་པ་ལ་སྦྱོར་བ་དང༌། འགྲོ་བ་རྣམས་ཀྱིས་འཁོར་བ་རྒྱུ་འབྲས་དེ་དག་གི་རང་བཞིན་མི་རྟག་སྡུག་བསྔལ་སྟོང་བདག་མེད་བཞིའམ་མ་སྐྱེས་པའི་དོན་མ་མཐོང་བས་ཀུན་ནས་འཁྲུལ་པར་འཕྱན་པ་ལ་དགོངས་ཏེ་སྙིང་རྗེའི་བྱུང་བས་དོན་སྤྱོད་པ་ལ་སྦྱོར་བའོ། །དེའང་སྔ་མ་གཉིས་སེམས་ཅན་ལ་དམིགས་པ་དང༌། གསུམ་པས་ཆོས་ལ་དམིགས་པའམ། དམིགས་མེད་ཀྱི་སྙིང་རྗེའི་ཡུལ་ལ་སྦྱོར་བར་བསྟན་པའོ། །ཞེས་གསུངས་སོ། ། |
| Domain | ཆོས་ལུགས། |