97742

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྙིང་རྗེས་ཞི་མཐའ་ལ་མི་གནས་པའི་ལམ་ཤེས་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། སྙིང་རྗེས་ཞི་མཐའ་ལ་མི་གནས་པའི་ལམ་ཤེས་ཀྱི་མཚན་ཉིད་ནི། ཀུན་རྫོབ་ལ་ལྟོས་པའི་ཞི་མཐར་ལྟུང་བ་འགོག་བྱེད་ཀྱི་ཐབས་ཁྱད་པར་ཅན་གྱི་རྟོགས་རིགས་སུ་གནས་པའི་ཐེག་ཆེན་འཕགས་པའི་མངོན་རྟོགས། མཚན་གཞི་ནི། བྱང་སེམས་འཕགས་པའི་རྒྱུད་ཀྱི་བརྩེ་བ་སྙིང་རྗེ་ཆེན་པོ་ལྟ་བུའོ། །ཤེས་པས་སྲིད་མཐའ་ལ་མི་གནས་པའི་གཞི་ཤེས་ཡོད་ཀྱང། སྙིང་རྗེས་ཞི་མཐའ་ལ་མི་གནས་པའི་གཞི་ཤེས་མེད་དེ། སྙིང་རྗེ་ཆེན་པོ་དང་གཞི་ཤེས་ཀྱི་གཞི་མཐུན་མེད་པའི་ཕྱིར། འདིར་བསྟན་ཞི་མཐའ་ལ་སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན། ཀུན་རྫོབ་ལ་ལྟོས་པའི་ཞི་མཐའ་དང། དོན་དམ་ལ་ལྟོས་པའི་ཞི་མཐའ། བྱང་སེམས་ལམ་ལ་ལྟོས་པའི་ཞི་མཐའ་དང་གསུམ་ཡོད།
Domain ཆོས་ལུགས།
སྙིང་རྗེས་ཞི་མཐའ་ལ་མི་གནས་པའི་ལམ་ཤེས་ (2)
Part of speech མིང་ཚིག
Definition ཞི་མཐའ་འགོག་བྱེད་ཀྱི་རྟོགས་རིགས་སུ་གནས་པའི་ཐེག་ཆེན་འཕགས་པའི་མངོན་རྟོགས་དེ། སྙིང་རྗེས་ཞི་ལ་མི་གནས་པའི་ལམ་ཤེས་ཀྱི་མཚན་ཉིད་ཡིན། བྱང་འཕགས་ཀྱི་རྒྱུད་ཀྱི་ཐབས་ཁྱད་པར་ཅན་རྣམས་དང་ཀུན་རྫོབ་སེམས་བསྐྱེད་རྣམས་དེའི་མཚན་གཞི།