97763

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྙིང་སྲིན་ (1)
Part of speech མིང་ཚིག
Definition སྙིང་ནད་དབྱེ་བ་བདུན་གྱི་ཡ་གྱལ་ཞིག་སྟེ། ངོ་བོ་སྙིང་ལ་སྲིན་འབུ་འཕར་མ་སྐྱེས་པའམ་ཡང་ན་སྙིང་ལ་གནས་པའི་ལྷན་སྐྱེས་སྲིན་འབུ་རྐྱེན་གྱིས་འཁྲུགས་ནས་སྙིང་ཁམས་མི་བདེ་བར་གྱུར་པའི་ནད་ཅིག་ཡིན་ཞིང༌། རྟགས་སུ་མིག་མདོག་ནག་ཅིང་མིག་ལས་ལྗན་ལྗིན་མང་དུ་འཛག་པ་དང༌། སྙིང་རྒྱུན་གཏན་མ་ཡིན་པར་འཕར་བ། མུན་པ་འཐིབས་པ་ལྟར་འཐོམས་འཐོམས་པོར་གྱུར་པ་དང༌། སོག་ལེས་འབྲད་པ་སྙམ་དུ་སེམས་པའི་སྙིང་ཚ་ཞིང་ལུས་ལ་འཕྲུག་ལྡང་ནས་འདུག་བཟོད་མི་བདེ་བ། སྙིང་ལ་གཟེར་འཁྱུག་རྒྱག་པའི་དུས་མཚུངས་འཁྲུལ་པའི་སྣང་བའང་རང་ཤུགས་སུ་འཆར་འོང་བ་ཞིག་གོ །
Domain གསོ་རིག