9780

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཟུགས་ཁམས་སུ་གཏོགས་པའི་དབང་པོ་བཅོ་ལྔ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། དབང་པོ་ཉི་ཤུ་རྩ་གཉིས་ཀྱི་ནང་གསེས། ཕོ་མོའི་དབང་པོ་དང་སྡུག་བསྔལ་དང་ཡིད་མི་བདེ་བ་དང་ཟག་མེད་གསུམ་དག་མ་གཏོགས་པའི་དབང་པོ་བཅོ་ལྔ་སྟེ། མིག་གི རྣ་བའི། སྣའི། ལྕེའི། ལུས་ཀྱི། ཡིད་ཀྱི། སྲོག་གི བདེ་བའི། ཡིད་བདེ་བའི། བཏང་སྙོམས་ཀྱི། དད་པའི། བརྩོན་འགྲུས་ཀྱི། དྲན་པའི། ཏིང་ངེ་འཛིན་གྱི། ཤེས་རབ་ཀྱི་དབང་པོ་བཅས་ནི་གཟུགས་ཁམས་སུ་གཏོགས་པ་ཡིན་ནོ། །
Domain ཆོས་ལུགས།