9781
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཕྱིར་མི་འོང་འབྲས་གནས་ཀྱི་ནང་གསེས་ཤིག གཟུགས་ཁམས་སུ་ཕྱིར་མི་འོང་བའི་འབྲས་བུ་ཐོབ་ནས་ཡོངས་སུ་མྱ་ངན་ལས་འདའ་བའམ། རེས་འགའ་ཁམས་གཞན་དུ་འགྲོ་བ་ནི་གོང་དུ་འཕོ་བ་སྲིད་རྩེར་མཐར་ཐུག་པར་འགྲོ་བ་གང་ཡིན་པའོ། །འཕགས་པ་འདིའི་དབང་པོ་འཕོ་བ་དང་། ཡོངས་སུ་ཉམས་པ་དག་མེད་དེ། ཚེ་རབས་གཞན་ནས་ཡོངས་སུ་འདྲིས་པས་དབང་པོ་རྣམས་ཆེས་ཡོངས་སུ་སྨིན་པའི་ཕྱིར་དང་། རྟེན་ཁྱད་པར་ཅན་ཐོབ་པའི་ཕྱིར་རོ། ། |
| Domain | ཆོས་ལུགས། |