97878
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཕལ་ཆེན་ལེའུ་ཞེ་གསུམ་པ་ལས་བྱུང་བ་སྟེ། ༡ འདི་ལྟར་འཇིག་རྟེན་གྱི་ཁམས་ཐམས་ཅད་ཤེས་པ་ལ་སྙོམས་པར་འཇུག་པ། ༢ སེམས་ཅན་ཐམས་ཅད་ཀྱི་ལུས་ལ་སྙོམས་པར་འཇུག་པ། ༣ ཆོས་ཐམས་ཅད་ལ་སྙོམས་པར་འཇུག་པ། ༤ སངས་རྒྱས་མཐོང་བ་ཐམས་ཅད་ལ་སྙོམས་པར་འཇུག་པ། ༥ བསྐལ་པར་གནས་པར་མཁས་པ་ཐམས་ཅད་ལ་སྙོམས་པར་འཇུག་པ། ༦ བསམ་གྱིས་མི་ཁྱབ་པའི་ལུས་ཀྱི་རྒྱུད་ཀྱི་ཏིང་ངེ་འཛིན་དང༌། རྣམ་པར་ལྡང་བ་མཁས་པ་ལ་སྙོམས་པར་འཇུག་པ། ༧ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ལ་སྙོམས་པར་འཇུག་པ། ༨ འགྲོ་བ་ཐམས་ཅད་ཁོང་དུ་ཆུད་པར་བྱ་བས་སྙོམས་པའི་ཡེ་ཤེས་ཀྱིས་མཁས་པ་ལ་སྙོམས་པར་འཇུག་པ། ༩ བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཏིང་ངེ་འཛིན་ལ་སེམས་ཀྱི་སྐད་ཅིག་གཅིག་གི་ཡེ་ཤེས་ཀྱིས་འཇུག་པ་ལ་སྙོམས་པར་འཇུག་པ། ༡༠ ཆགས་པ་མེད་པའི་སེམས་སྐད་ཅིག་གིས་ཡེ་ཤེས་ཀྱིས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཡང་དག་པར་བླང་བ་ལ་རབ་ཏུ་གནས་ཤིང་རྒྱུན་མི་གཅོད་པའི་སྨོན་ལམ་ཆེན་པོའི་ཡེ་ཤེས་མཁས་པ་ལ་སྙོམས་པར་འཇུག་པའོ། ། |
| Domain | ཆོས་ལུགས། |