97888

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྙོམས་འཇུག་གི་དེ་མ་ཐག་པ་ཅན་ (1)
Part of speech མིང་ཚིག
Definition མདོ། མངོན་པ། སྙོམས་འཇུག་གཉིས་པོ་གང་རུང་གིས་མཇུག་ཐོག་དེ་མ་ཐག་ཏུ་སྐྱེས་པའི་འབྲས་བུ་སྟེ། དེ་ལ་ནི་སེམས་སེམས་བྱུང་དང་། སྙོམས་འཇུག་གཉིས་དང་། དེ་དག་གི་མཚན་ཉིད་སྐྱེ་སོགས་སོགས་མང་སྟེ། མཆིམས་མཛོད་ལས། མུ་གཉིས་པ་ནི་སྙོམས་འཇུག་གཉིས་ཀྱི་སྐད་ཅིག་མ་གཉིས་པ་ལ་སོགས་པའི་སྐྱེ་བ་ལ་སོགས་པའི་མཚན་ཉིད་དང་ཐོབ་པ་ལ་སོགས་པ་དང༌། སྙོམས་འཇུག་གཉིས་ལས་ལྡང་སེམས་ཀྱི་སྐྱེ་བ་ལ་སོགས་པའི་མཚན་ཉིད་དང་ཐོབ་པ་ལ་སོགས་པ་རྣམས་ཏེ། དེ་དག་ནི་སྐད་ཅིག་མ་གཞན་གྱིས་བར་དུ་མ་ཆོད་པར་སྙོམས་འཇུག་གཉིས་ཀྱི་དེ་མ་ཐག་ཏུ་འབྱུང་བའི་ཕྱིར་སྙོམས་འཇུག་གཉིས་ཀྱི་དེ་མ་ཐག་པ་ཅན་ནི་ཡིན་ལ། སྙོམས་འཇུག་གཉིས་དང་སེམས་དང་སེམས་བྱུང་མ་ཡིན་པས་སེམས་ཀྱི་མཚུངས་པ་དེ་མ་ཐག་པ་ཅན་ནི་མ་ཡིན་ནོ། །ཞེས་གསུངས།
Domain ཆོས་ལུགས།