97889

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྙོམས་འཇུག་གི་དེ་མ་ཐག་རྐྱེན་ (1)
Part of speech མིང་ཚིག
Definition མདོ། མངོན་པ། ཁ་ཆེ་བྱེ་བྲག་སྨྲ་བ། སྙོམས་འཇུག་གཉིས་པོ་གང་རུང་གི་སྔ་ལོག་དེ་མ་ཐག་པའི་རྐྱེན་ཞིག་སྟེ། དེ་ལ་ནི་སེམས་སེམས་བྱུང་དང་སྙོམས་འཇུག་གཉིས་པོ་གང་རུང་གིས་ཁྱབ་སྟེ། སེར་སྨད་རྒྱལ་དབང་མཛོད་ལས། ཡང་སེམས་ཀྱི་དེ་མ་ཐག་རྐྱེན་དང༌། སྙོམས་འཇུག་གི་དེ་མ་ཐག་རྐྱེན་ལ་ནི་སེམས་དང་སེམས་བྱུང་དང༌། སྙོམས་འཇུག་གཉིས་ཀྱང་ཡོད་དེ་འོག་ཏུ་རིམ་པར་ཤེས་ལ། གཟུགས་སོགས་གཞན་ལ་ནི་དེ་མ་ཐག་རྐྱེན་མི་འཇོག་གོ། །ཞེས་གསུངས། སྙོམས་འཇུག་གི་དེ་མ་ཐག་རྐྱེན་ལ། ཤེས་པ་དང་། སྙོམས་འཇུག་གཉིས་ཀ་ཡོད་དེ། སྙོམས་འཇུག་སྐད་ཅིག་དང་པོ་དེ། གསུམ་གྱིས་སྙོམས་པར་འཇུག་པ་གཉིས། །ཞེས་སྙོམས་པར་འཇུག་སེམས་ཀྱི་མཚུངས་པ་དེ་མ་ཐག་རྐྱེན་གྱིས་བསྐྱེད་པར་གསུངས་པའི་ཕྱིར་དང། དེ་སྙོམས་འཇུག་སྐད་ཅིག་གཉིས་པའི་དེ་མ་ཐག་རྐྱེན་ཡང་ཡིན་པའི་ཕྱིར་རོ། །དེས་ན་སྙོམས་འཇུག་གི་དེ་མ་ཐག་རྐྱེན་ཤེས་པ་ལ། སེམས་ཀྱི་མཚུངས་པ་དེ་མ་ཐག་རྐྱེན་ཡིན་པས་ཁྱབ་བོ། །
Domain ཆོས་ལུགས།