97890

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྙོམས་འཇུག་གི་ཡོན་ཏན་ (1)
Part of speech མིང་ཚིག
Definition མདོ། མངོན་པ། སྙོམས་འཇུག་ལ་བརྟེན་པའི་ཡོན་ཏན་ལ། ཚད་མེད། རྣམ་ཐར། ཟད་པར། ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང་བཞི། དང་པོ་ལ་བྱམས་པ་ཚད་མེད་སོགས་བཞི་ཡོད། གཉིས་པ་རྣམ་ཐར་ལ་སྡུག་པའི་རྣམ་ཐར། གཟུགས་ཅན་གཟུགས་ལ་ལྟ་བ། གཟུགས་མེད་གཟུགས་ལ་ལྟ་བ། གཟུགས་མེད་བཞིའི་རྣམ་ཐར། འགོག་པའི་རྣམ་ཐར་དང་བརྒྱད་ཡོད། གསུམ་པ་ཟད་པར་ནི། བར་ཆད་མེད་པར་རྒྱས་ཤིང་ཁྱབ་པར་བྱེད་པས་ན་ཟད་པར་ཏེ། དབྱེ་ན་ས་དང་ཆུ་དང་མེ་དང་རླུང་དང་། སྔོན་པོ་དང་སེར་པོ་དང་། དམར་པོ་དང་དཀར་པོ་དང་། ནམ་མཁའ་དང་། རྣམ་པར་ཤེས་པ་ལ་དམིགས་པའི་ཟད་པར་བཅུ་ཡོད། བཞི་པ་ཟིལ་གྱིས་གནོན་པའི་སྐྱེ་མཆེད་ལ་དབྱིབས་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བཞི་དང་། ཁ་དོག་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བཞི་སྟེ་བརྒྱད་ཡོད་དོ་ཞེས་པཎ་ཆེན་ངག་ཆོས་ཀྱི་ཆོས་མངོན་པ་མཛོད་ཀྱི་སྤྱི་དོན་ལས་སོ། །
Domain ཆོས་ལུགས།

{{#arraymap:སྙོམས་འཇུག་གི་ཡོན་ཏན་

|; |@@@ | | }}