97892

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྙོམས་འཇུག་གི་རྟེན་ (1)
Part of speech མིང་ཚིག
Definition མདོ། མངོན་པ། བསམ་གཏན་དང་གཟུགས་མེད་ཀྱི་སྙོམས་འཇུག་འདི་དག་རྟེན་གང་ལ་མངོན་དུ་བྱེད་ཅེ་ན། འདི་དག་རང་ས་དང་འོག་སའི་རྟེན་ལ་མངོན་དུ་བྱེད་པ་ཡོད་ཀྱི། གོང་སའི་རྟེན་ལ་འོག་སའི་སྙོམས་འཇུག་མངོན་དུ་མི་བྱེད་དེ། རྟེན་གོང་མ་པས་འོག་སའི་སྙོམས་འཇུག་མངོན་དུ་བྱེད་པ་ལ་དགོས་པ་མེད་པའི་ཕྱིར། འོན་ཀྱང་དམིགས་བསལ་དུ་སྲིད་རྩེར་སྐྱེས་པའི་འཕགས་པ་ཕྱིར་མི་འོང་གིས་དགྲ་བཅོམ་མངོན་དུ་བྱེད་པ་ན་སྲིད་རྩེའི་ས་ལ་ཟག་མེད་མེད་པས་ཅི་ཡང་མེད་ཀྱི་སྙོམས་འཇུག་ཟག་མེད་མངོན་དུ་བྱས་ནས་སྲིད་རྩེའི་ཟག་པ་ཟད་པར་བྱེད་ཅིང་། དེ་ཟད་མ་ཐག་ཏུ་དགྲ་བཅོམ་ཐོབ་པར་འགྱུར་བ་ཡིན་ནོ། །དེས་ན་སྲིད་རྩེའི་སྙོམས་འཇུག་ནི་ཟག་བཅས་ཁོ་ནར་ངེས་པས་སྲིད་རྩེའི་ཉོན་མོངས་ནམ་ཡང་སྤོང་མི་ནུས་ལ། སྲིད་རྩེའི་ཉོན་མོངས་དངོས་སུ་སྤོང་བའི་ལམ་ཡིན་ན། ཟག་མེད་ཡིན་པས་ཁྱབ། ས་གཞན་གྱི་ཉོན་མོངས་སྤོང་བའི་ལམ་ལ་ཟག་བཅས་དང་ཟག་མེད་གཉིས་རེ་ཡོད་པ་ཡིན་ནོ་ཞེས་པཎ་ཆེན་ངག་ཆོས་ཀྱི་ཆོས་མངོན་པ་མཛོད་ཀྱི་སྤྱི་དོན་ལས་སོ། །
Domain ཆོས་ལུགས།

{{#arraymap:སྙོམས་འཇུག་གི་རྟེན་

|; |@@@ | | }}