97895

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྙོམས་འཇུག་དག་པ་བ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། གོང་མའི་སས་བསྡུས་ཀྱི་སྙོམས་འཇུག་ཀྱང་ཡིན། འཇིག་རྟེན་པའི་དགེ་བ་ཡང་ཡིན་པའི་གཞི་མཐུན་པར་དམིགས་པ། སྙོམས་འཇུག་དག་པ་པའི་མཚན་ཉིད་ཡིན་ཏེ། མཛོད་ལས། འཇིག་རྟེན་པ་ཡི་དགེ་བ་ནི། དག་པ། ཞེས་གསུངས་པའི་ཕྱིར། དེ་ལ་དབྱེ་ན། ཉམས་པ་ཆ་མཐུན། གནས་པ་ཆ་མཐུན། ཁྱད་པར་ཆ་མཐུན། ངེས་འབྱེད་ཆ་མཐུན་དང་བཞི་ཡོད་དོ། །བཞི་པོ་དེ་སྙོམས་འཇུག་དག་པ་བ་ལ་ཐམས་ཅད་ལ་གཞག་ཏུ་རུང་ངམ་ཞེ་ན། སྲིད་རྩེའི་སྙོམས་འཇུག་དག་པ་བ་ལ་ཁྱད་པར་ཆ་མཐུན་གཞག་ཏུ་མི་རུང་སྟེ། གོང་སའི་སྙོམས་འཇུག་དག་པ་བ་གཞན་འདྲེན་པར་བྱེད་པའི་སྲིད་རྩེའི་སྙོམས་འཇུག་དག་པ་བ་མེད་པའི་ཕྱིར་ཏེ། སྲིད་རྩེ་ལ་གོང་ས་མེད་པའི་ཕྱིར། ཉན་ཐོས་ཀྱི་རྒྱུད་ཀྱི་སྲིད་རྩེའི་སྙོམས་འཇུག་དག་པ་བ་ལ་ངེས་འབྱེད་ཆ་མཐུན་ཡང་གཞག་ཏུ་མི་རུང་སྟེ། ཉན་ཐོས་ཀྱིས་སྲིད་རྩེའི་སེམས་ལ་བརྟེན་ནས་ཟག་མེད་ཀྱི་ལམ་གསར་དུ་སྒྲུབ་མི་ནུས་པའི་ཕྱིར། དེ་ལྟར་ཡིན་ཀྱང། བྱང་སེམས་རྣམས་ཐབས་ལ་མཁས་པ་ཡིན་པས་སྲིད་རྩེའི་སེམས་ལ་བརྟེན་ནས་ཀྱང་ཟག་མེད་ཀྱི་ལམ་གསར་དུ་སྒྲུབ་ནུས་པ་ཡིན་ཏེ། འགྲེལ་ཆེན་ལས། གང་ཡང་འདོད་པ་ཁམས་དང་སྲིད་རྩེ་ན། བྱང་ཆུབ་ལམ་གྱི་ཡན་ལག་སྤངས། ཞེས་བྱ་བ་ནི་ཐབས་ལ་མི་མཁས་པའི་ཉན་ཐོས་ཀྱི་དབང་དུ་བྱས་པ་ཡིན་གྱི་དེ་དང་འདི་ལ་འགལ་བ་ནི་མེད་དོ། །ཞེས་གསུངས་པའི་ཕྱིར། དེས་ན་ཅི་ཡང་མེད་མན་ཆད་ཀྱི་སྙོམས་འཇུག་དག་པ་པ་ཀུན་ལ་ཉམས་པ་ཆ་མཐུན་སོགས་བཞི་པོ་དེ་གཞག་ཏུ་རུང་བ་ཡིན་ནོ། །
Domain ཆོས་ལུགས།

{{#arraymap:སྙོམས་འཇུག་དག་པ་བ་

|; |@@@ | | }}