97901
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མཚན་རྒྱས་པ། མཐར་གྱི་གནས་པའི་སྙོམས་པར་འཇུག་པའི་རྣམ་བཤད་སྙོམས་འཇུག་རབ་གསལ། འདི་ནི་མཐར་གནས་ཀྱི་སྙོམས་འཇུག་དགུ་པོ་མདོ་ལས་ཇི་ལྟར་བཤད་པའི། བསྟན་བཅོས་ལས་ཇི་ལྟར་བཀྲལ་བའི་ཚུལ། དེ་དག་གི་རྣམ་གཞག་གཏན་ལ་དབབ་པའི་སྒོ་ནས་རྒྱས་པར་སྟོན་པ་སྟེ། ཚོར་བས་ངེས་པར་འབྱུང་བ་བསམ་གཏན་བཞི་བཤད་པ། འདུ་ཤེས་ཀྱིས་ངེས་པར་འབྱུང་བ་གཟུགས་མེད་བཞི་བཤད་པ། གཉིས་ཀས་ངེས་པར་འབྱུང་བ་འགོག་པའི་སྙོམས་འཇུག་བཤད་པ། སྙོམས་པར་འཇུག་ཚུལ་གྱི་ཐོད་རྒལ་བཤད་པ་བཅས་རྩ་བའི་ས་བཅད་བཞིའི་བདག་ཉིད་ཅན་གྱི་བསྟན་བཅོས་ཤིག་གི་མཚན་ཡིན། ཀུན་མཁྱེན་གོ་བོ་རབ་འབྱམས་པ་བསོད་ནམས་སེངྒེས། བོད་རབ་བྱུང་བརྒྱད་པའི་ལྕགས་ཕོ་སྟག་གི་ལོ་(ཕྱི་ལོ་༡༤༧༠)སྣྲོན་གྱི་ཟླ་བའི་ཡར་ཚེས་བརྒྱད་ལ་རྟ་ནག་གསེར་གླིང་གི་དགོན་པར་མཛད། |