97904
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མངོན་པ། ལུས་སེམས་ལས་སུ་མི་རུང་བས་སྙོམས་པར་འཇུག་པ་ལ་གེགས་བྱེད་ཀྱི་སྒྲིབ་པ་ཞིག་སྟེ། སེར་སྨད་རྒྱལ་དབང་མཛོད་ལས། སྙོམས་འཇུག་གི་སྒྲིབ་པ་ནི། ལེ་ལོ་དང༌། དམིགས་པ་བརྗེད་པ་དང༌། བྱིང་བ་དང༌། རྒོད་པ་དང༌། རྩོམ་པ་དང༌། མི་རྩོམ་པའི་ཉེས་པ་ལྔ་ལ་སོགས་པས་བསྐྱེད་པའི་ལུས་དང་སེམས་ཀྱི་གནས་ངན་ལེན་གྱི་ཆར་གཏོགས་པ་སྟེ། ངོ་བོ་ནི་ཤེས་སྒྲིབ་ཉིད་དུ་འདུས་སོ། །ཞེས་དང། མཆིམས་མཛོད་ལས། དེ་ལ་སྙོམས་འཇུག་གི་སྒྲིབ་པ་ནི་སྒྲིབ་པ་གང་ཞིག་ཡོད་ན་སེམས་ལས་སུ་མི་རུང་བས་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བ་དག་གིས་ཀྱང་བསམ་གཏན་དང་པོའི་དངོས་གཞིའང་སྐྱེད་པར་མི་བྱེད་པ་དེ་ཡིན་ནོ་ཞེས་ཊཱིཀ་བྱེད་དག་འཆད་དོ། །ཞེས་གསུངས། དོན་གཅིག་ལ། རྣམ་པར་ཐར་པའི་སྒྲིབ་པ་དང། སྙོམས་འཇུག་སྒྲིབ་པའོ། ། |
| Domain | ཆོས་ལུགས། |