9791
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། མཚན་ཉིད་ནི། བསམ་གཏན་གྱི་དངོས་གཞིའི་སེམས་ལ་བརྟེན་ནས་རང་ལ་གཟུགས་སྣང་མི་དོར་བའི་སྒོ་ནས། རང་ཡུལ་དུ་གྱུར་པའི་སེམས་ཅན་གྱི་གཟུགས་བཟང་ངན་ཐམས་ཅད་ཇི་ལྟར་འདོད་པ་བཞིན་དུ་དབང་བསྒྱུར་བའི་སྒོ་ནས་ཟིལ་གྱིས་གནོན་པར་ནུས་པའི་ཞི་ལྷག་ཟུང་འཇུག་གོ་ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་ཟབ་མོ་ལས་སོ། ། ཀུན་མཁྱེན་རོང་སྟོན་གྱི་རྣམ་བཤད་ཚིག་དོན་རབ་གསལ་ལས་ནི། གཟུགས་ཅན་གཟུགས་ཆུང་ངུ་ལ་ལྟ་བའི་ཟིལ་གནོན་ནི། རྣལ་འབྱོར་པ་ནང་གཟུགས་སུ་འདུ་ཤེས་པ་དག་གིས་དམིགས་པ་ཕྱི་རོལ་གྱི་གཟུགས་ཆུང་ངུ་རྣམས་ལ་ལྟ་ཞིང་། གཟུགས་དེ་དག་ཟིལ་གྱིས་མནན་ནས་ཤེས་ཟིལ་གྱིས་མནན་ནས་མཐོང་བའོ། །དེ་ལ་ཆུང་ངུ་ནི་སེམས་ཅན་གྱི་གཟུགས་སོ། །བཟང་པོ་དང་ངན་པ་ནི་ལྷ་དང་མི་ཡིའོ། །ཆེན་པོ་ནི་སྣོད་ཀྱི་འཇིག་རྟེན་ཡིན་ལ། མཛེས་མི་མཛེས་ནི་ཡིད་དུ་འོང་མི་འོང་ངོ་། །ཤེས་པ་དང་མཐོང་བ་ནི་ཞི་གནས་དང་ལྷག་མཐོང་གིས་སོ་ཞེས་གསུངས་སོ། ། |
| Domain | ཆོས་ལུགས། |