9794

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཟུགས་ཅན་གཟུགས་ལ་ལྟ་བའི་ཟིལ་གནོན་གཉིས་ (1)
Part of speech མིང་ཚིག
Definition ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་ཀྱི་ནང་གསེས་ཤིག དང་པོ་གཉིས་ཏེ། ནང་གཟུགས་སུ་འདུ་ཤེས་ལས་ཕྱི་རོལ་གྱི་གཟུགས་ཆུང་ངུ་ཁ་དོག་བཟང་པོ་དང་ཁ་དོག་ངན་པ་རྣམས་ལ་ལྟ་ཞིང་གཟུགས་དེ་དག་ཟིལ་གྱིས་མནན་ནས་ཤེས་པ་ཟིལ་གྱིས་མནན་ནས་མཐོང་སྟེ་དེ་ལྟ་བུར་འདུ་ཤེས་པར་གྱུར་པ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང་པོའོ། །དེ་བཞིན་དུ་ནང་གཟུགས་སུ་འདུ་ཤེས་ལས་ཕྱི་རོལ་གྱི་གཟུགས་ཆེན་པོ་ཁ་དོག་བཟང་པོ་དང་ཁ་དོག་ངན་པ་རྣམས་ལ་ལྟ་ཞིང་ཞེས་བྱ་བ་ནས་རྒྱས་པར་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་གཉིས་པའོ་ཞེས་བྱ་བའི་བར་རོ། །
Domain ཆོས་ལུགས།