97947

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྟག་ཐོག་དགོན་ (1)
Part of speech མིང་ཚིག
Definition ས་དབྱིབས་སྟག་འདྲ་བའི་ཐོག་ལ་ཆགས་པས་སྟག་ཐོག་ཅེས་གྲགས། མིང་ཡོངས་ལ་སྟག་ཐོག་དགོན་ཐུབ་བསྟན་མདོ་སྔགས་བཤད་སྒྲུབ་ཆོས་འཁོར་གླིང་། ཐོག་མར་ཀཿཐོག་སི་ཏུ་དང་རྫ་མཚམས་པ་ཀུན་བཟང་བདེ་ཆེན་རྡོ་རྗེ། སྟག་ཐོག་བླ་མ་ཚེ་རིང་གསུམ་གྱིས་ཕྱི་ལོ་ ༡༨༦༦ བཏབ། རྗེས་སུ་ཧོར་བ་བླ་མ་བསྟན་ནོར་དང་། ཧོར་བ་ཚེ་ཐར་སོགས་ཀྱིས་བསྐྱངས།
སྟག་ཐོག་དགོན་ (2)
Part of speech མིང་ཚིག
Definition ད་ལྟའི་དགོན་ས་གདོང་བྲོམ་གསེར་སྣའི་ཁུག་ན་ཆགས། གྲུབ་མཐའ་སྔ་འགྱུར་ཀཿཐོག་པ་ཡིན། ཕྱི་ལོ་ ༡༨༧༠ ལོ་བླ་མ་ཨོ་རྒྱན་ཚེ་རིང་གིས་བཏབ་ནས་བླ་རབས་བརྒྱད་སོང་ཞེས་ཟེར་ཡང་ཞིབ་པར་མ་ངེས། ཕྱིས་སུ་ཚ་བླ་ཡེ་ཤེས་དོན་རྟོགས་དང་། ཚ་ཁོ་ཨོ་རྒྱན་སྐྱབས་སོགས་ཀྱིས་བསྐྱངས་བར་གྲགས། དུས་འགྱུར་རྗེས་༡༩༨༩ལོ་ཆོས་སྒོ་ཕྱེས།