97948
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྟག་དགོན།་ སྨར་ཤོད་གོ་འཇོའི་མཚམས་ཀྱི་མ་ཎི་འབྲུ་དྲུག་གི་མདུན་ངོས་སུ། སི་ཏུ་གསུམ་པ་ཆོས་ཀྱི་རྒྱ་མཚོས་རབ་བྱུང་བཅོ་ལྔ་པའི་ཤིང་བྱི་ལོར་ཕྱི་ལོ་ ༡༩༢༤ ལ་དགོན་འདི་ཕྱག་བཏང་། བློ་གྲོས་གྲགས་པ་མཐའ་ཡས་མཆོག་རྒྱལ་ཚབ་ཏུ་བསྐོས། བློ་དགའ་རིན་པོ་ཆེ་དགོན་དེར་ཕེབས་ནས་བདུད་ཀློང་གི་དབང་བཀའ་ཡོངས་རྫོགས་གནང་། ཆུ་སྤྲེལ་ལོར་ཕྱི་ལོ་ ༡༩༩༢ ལོར་ཀཿཐོག་ནས་མཁན་བཀྲ་བཟང་གདན་ཞུས་མཛད་དེ་བཤད་གྲྭ་བཙུགས། རང་དགོན་གྱི་བླ་མ་རྣམས་དང་་ཀཿཐོག་གི་མཁན་བསོད་ནམས་བསྟན་པ་མཆོག་གིས་ཐུགས་འགན་བཞེས་ཏེ་རབ་བྱུང་བཅུ་བདུན་པའི་མེ་ཁྱི་ལོ་སྟེ་སྤྱི་ལོ་ ༢༠༠༦ ལོར་རྒྱུད་སྡེ་བཤད་སྒྲུབ་འཆི་མེད་པདྨ་འོད་གླིང་རིགས་གསུམ་སེམས་དཔའ་དགྱེས་པའི་དགའ་ཚལ་ཞེས་པའི་སློབ་གླིང་བཙུགས། རྒྱལ་བ་ཀཿཐོག་པའི་རྒྱུད་སྡེ་བཤད་གྲྭ་ནས་ཐོན་པའི་མཁན་པོ་རྣམས་ཀྱི་ལས་ཐོག་མཁན་པོའི་འགན་བཞེས། གཞན་ཡང་ཀཿཐོག་འཇམ་དཔལ་བསྟན་འཛིན་གྱིས་ཚེས་བཅུའི་དུས་མཆོད་དང་སྒྲུབ་པའི་ཉམས་བཞེས་རྣམས་རྒྱལ་བ་ཀཿཐོག་པའི་རིང་ལུགས་རྨ་མེད་པའི་དབང་བཀའ་གནང་བཞིན་མཆིས་སོ།། |