97953

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྟག་ཕུ་པདྨ་བཛྲ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅོ་ལྔ་པའི་མེ་བྱི་ཕྱི་ལོ་ ༡༨༧༦ ལོར་འཁྲུངས། གཞོན་དུས་སྟག་ཕུ་སྤྲུལ་སྐུར་ངོས་བཟུང་། ཡི་གེ་སྦྱོར་སྡེབ་བློར་འཛིན་སོགས་ཀྱི་དབུ་ཚུགས། བཤེས་གཉེན་མང་པོ་ལས་ཟབ་དགུའི་མན་ངག་གསན། མདོ་སྔགས་རིག་གནས་ལེགས་པར་སྦྱངས། དགུང་ལོ་བཅུ་གསུམ་པར་འབྲས་སྤུངས་སུ་མཇལ་སྐོར་དུ་ཕེབས། ཕ་བོང་ཁ་པ་བྱམས་པ་བསྟན་འཛིན་དང་། བཀའ་འགྱུར་བ་ཐུབ་བསྟན་ཆོས་ཀྱི་དབང་ཕྱུག་སོགས་ལས་དབང་རྗེས་གནང་ཞུས། སུམ་ཅུ་པར་བོད་ཡུལ་གྱི་གནས་ཆེན་ཁག་ལ་མཇལ་བར་ཕེབས། སོ་གསུམ་པར་བཀའ་གདམས་ཕོ་བྲང་དུ་བློ་བཟང་ཐུབ་དབང་ལས་ལམ་རིམ་གྱི་མྱོང་ཁྲིད་ཞུས། སོ་དགུ་པར་དབུས་རི་ལ་བར་སྐོར་ཕེབས། མྱང་ཕུག་ཏུ་བཅད་རྒྱ་བགྱིས། དགུང་ལོ་ཞེ་དྲུག་པར་གསང་སྔགས་དཔལ་གྱི་སྒྲུབ་སྡེ་གསར་དུ་བཞེངས། བུམ་གཏེར་སྦས་པ་དང་རབ་གནས་མཛད། སྤྱིར་དགེ་ལྡན་རིང་ལུགས་འཛིན་པའི་སྤྲུལ་སྐུ་ཞིག་ཡིན་མོད། ནང་རྙིང་མའི་ལུགས་གཙོ་བོར་མཛད། ངག་སྒྲོས་ལྟར་ན་དགུང་ལོ་རེ་ལྔ་རེ་དྲུག་ཙམ་ལ་འདས། གསུང་རྩོམ་ནི་བླ་མའི་རྣལ་འབྱོར་གྱི་གསོལ་འདེབས། གསུང་མགུར་ཞལ་གདམས། ཆོ་གའི་སྐོར། གསང་རྣམ་བཀའ་རྒྱ་མ་བཅས་ལྷ་སའི་པར་མ་པོད་ཆུང་ཞིག་བཞུགས། མཚན་གཞན། རིག་འཛིན་པདྨ་ལྷུན་གྲུབ།