97961

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྟག་མགོ་མེ་འབར་ (1)
Part of speech མིང་ཚིག
Definition ལྟས་ངན་གཟའ་བཞིའི་ཡ་གྱལ་ཞིག་སྟེ། བོད་དབུས་སུ་བཞག་པའི་ལྷོ་ཕྱོགས་ཀྱི་ནམ་མཁར་འཆར་ཞིང་། འཆར་ཚད་ལ་དུས་ཀྱི་ངེས་པ་མེད་པས་རི་མོའི་ལམ་ནས་རྟོགས་མི་ཐུབ་ལ། གལ་ཏེ་ཤར་ན་ས་དེར་མི་དགེ་བའི་ལྟས་སུ་བཤད། རིགས་ལྡན་སྙིང་ཐིག་ལས། སྒྲ་གཅན་གྱི་ནི་སྤྲུལ་པ་ཡི། །ལྟས་ངན་གཟའ་བཞི་ཞེས་གྲགས་པ། ཤར་ན་དུ་བ་མཇུག་རིང་དང་། ལྷོ་ན་སྟག་མགོ་མེ་འབར་དང་། ནུབ་ན་གཡག་མགོ་རླུང་ཚུབ་སྟེ། བྱང་ན་ཆུ་ཏིག་སྔོན་པོ་དང་། གཞན་ཡང་ལྷ་མོ་འཆར་བ་སོགས། །མི་དགེའི་ལྟས་སུ་འཆར་ཞེས་ཟེར། མཇུག་རིངས་མ་གཏོགས་གཞན་རྣམས་ནི། །རི་མོའི་ལམ་ནས་རྟོགས་མི་འགྱུར། །ཞེས་བྱུང་།
Domain རྩིས་རིག