97963
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པ་ལས་གསུངས་པའི་ཐབས་འཛུད་བསྲེ་བའི་སྤྱོད་པའི་ཁོངས་གཏོགས་བརྟུལ་ཞུགས་ཀྱི་སྤྱོད་པ་ཉེར་གསུམ་གྱི་ནང་གསེས་ཤིག་སྟེ། གདུལ་བྱའི་དོན་དུ་རྣམ་པ་ཕྱི་རོལ་པའི་སྟག་མཆོག་རྔམ་པའི་བརྟུལ་ཞུགས་དང་རྗེས་མཐུན་དུ་སྤྱད་ནས་དོན་ལ་གསང་བ་མཆོག་གི་ལམ་ལ་དྲང་བའི་ཐབས་མཁས་ཀྱི་སྤྱོད་ཚུལ་ཞིག སྒྱུ་འཕྲུལ་རྔམ་གློག་ལས། སྟག་མཆོག་རྔམ་པའི་བརྟུལ་ཞུགས་ཀྱིས། །དཔའ་བརྟུལ་གཏུམ་པའི་ལས་ཆེན་བྱ། །ཞེས་དང་། གཟི་ལྡན་འཆར་ཁའི་འོད་སྣང་ལས། དཔའ་བརྟུལ་ལྡན་པའི་ཟ་བྱེད་སྟག་ནི་གཏུམ་རྔམ་འཁྲུག་པའི་རང་བཞིན་གྱིས་གསོད་བྱ་འཇོམས་པ་ལྟར། ཐུགས་རྗེའི་ཐབས་ཀྱིས་ཞིང་བཅུ་སྒྲོལ་བའི་རྣལ་འབྱོར་མཆོག་གི་སྤྱོད་པའི་བརྟུལ་ཞུགས་ཏེ། ཞེས་གསུངས་སོ། ། |
| Domain | ཆོས་ལུགས། |