97964
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྟག་མདོའི་སེར་མང་བཀྲ་ཤིས་བདེ་སྣང་གླིང༌། མདོ་སྨད་ཐེ་བོ་གཡི་བ་ཡུལ་ཚོའི་ཁོངས་སུ་ཡོད། ཆོས་བརྒྱུད་དགེ་ལུགས། དུས་རབས་བཅོ་བརྒྱད་པའི་ནང་ཅོ་ནེའི་བླ་མ་ཆོས་རྗེ་མཎི་པ་བློ་བཟང་འཕྲིན་ལས་ཚང་གིས་ཕྱག་འདེབས་མཛད། ཕྱིས་སྐྱབས་མཆོག་ཀིརྟི་བསྟན་པའི་རྒྱལ་མཚན་གྱིས་དགོན་གྲོང་ཀུན་ལ་ཐུགས་རྗེ་ཆེན་པོའི་དབང་ཆེན་སོགས་གནང་བ་ནས་བཟུང་ཀིརྟི་སྐུ་ཕྲེང་མཆོད་གནས་ཀྱི་བླ་མ་གཙོ་བོར་གྱུར། ཕྱི་ལོ་ ༡༩༥༠ གོང་གྲྭ་གྲངས་ ༡༠ ལྷག་བཞུགས། |