97965
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྗེ་འདི་ཉིད་རབ་བྱུང་བཅུ་གཉིས་པའི་ཤིང་བྱ་ཕྱི་ལོ་༡༧༠༥ལོར་མདོ་སྨད་མཚོ་སྔོན་དུ་ཡབ་ངག་དབང་བློ་གྲོས་དང་ཡུམ་རིན་ཆེན་མཚོ་གཉིས་ཀྱི་སྲས་སུ་འཁྲུངས། སྟག་མཚར་ཆོས་ཀྱི་རྗེ་བློ་བཟང་དར་ལས་དགེ་ཚུལ་བསྒྲུབས། སྐུ་འབུམ་དང་འབྲས་སྤུངས་སྒོ་མང་དུ་ཐུགས་གཉེར་གྱིས་མཁས་པར་གྱུར། སྐུ་འབུམ་རྒྱུད་ཁྲི་དང་ཚོགས་ཆེན་ཁྲི་རབས་ཉེར་དགུ་པ་བཅས་སུ་བཞུགས། དགུང་ལོ་རེ་གཅིག་པ་ཤིང་བྱ་ཕྱི་ལོ་༡༧༦༥ལོར་ཁྲི་དགོངས་ཞུས་ཏེ་དགོན་པར་རང་དུ་ཟུར་བཞུགས་ཀྱིས་ཐུགས་དམ་ཉམས་བཞེས་ལ་བརྩོན་པར་མཛད། ཤ་རྫོང་དང་ཨན་ཇ་སུ་གཉིས་ཀྱི་འདུ་ཁང་བསྐྱར་གསོ་གནང། འདས་ལོ་མ་རྙེད། |