97969

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྟག་མཚེར་སྐུ་ཕྲེང་ལྔ་པ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་ (1)
Part of speech མིང་ཚིག
Definition དམ་པ་འདི་ཉིད་རབ་བྱུང་བཞི་བའི་མེ་ཕོ་འབྲུག་ཕྱི་ལོ་༡༨༥༦ལོར། མདོ་སྨད་སྐུ་འབུམ་སྟག་མཚར་དུ་ཡབ་སྒྲོལ་མ་སྐྱབས་དང་ཡུམ་སྐལ་བཟང་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། སྐུ་འབུམ་དུ་མདོ་སྔགས་གཉིས་ལ་མཁས་པར་སྦྱངས་ནས་དེ་གའི་ཁྲི་རབས་རེ་དྲུག་པ་དང་དོན་གསུམ་བཅས་ལན་གཉིས་སུ་བཞུགས། སྔ་ཕྱིར་སོག་ཡུལ་དུ་ལན་འགར་ཕེབས་པས་ཨོ་རོད་དང་ཕྱི་སོག་ཏཱ་ཁུ་རལ་ཀུན་དགའ་སོགས་ཀྱི་སོག་པོ་དཔོན་འབངས་ཐམས་ཅད་ཀྱི་བླ་མར་གྱུར། དབུས་སུ་ཕེབས་ཏེ་སྐུ་འབུམ་མི་ཚན་བསྐྱར་གསོ་གནང། མདོ་སྨད་དུ་ཕེབས་ཁར་གོང་ས་བཅུ་གསུམ་པར་ཐོན་ཕྱག་ཞུས་པར་གཞུང་ས་ནས་གཟེངས་བསྟོད་དང་འབྲེལ་མཁན་ཆས། གདུགས་དང་རྟ་དར་སོགས་བླ་ཆེན་གྱི་གོ་གནས་བདག་རྐྱེན་ཕུན་སུམ་ཚོགས་པ་བསྩལ། གོང་ས་མཆོག་སྐུ་འབུམ་དུ་ཕེབས་སྐབས་ཆབ་སྲིད་ལེགས་ཚོགས་ཀྱི་ཞབས་འདེགས་རྗེ་འདི་ལས་ཆེ་བ་བླ་ཆེན་དང་དཔོན་ཆེན་གཞན་གྱིས་མ་བྱུང་བར་གྲགས། ཕྱི་ལོ་༡༩༢༠དང་༡༩༢༡གང་རུང་ཞིག་ལ་དགོངས་པར་རྫོགས་པར་སྙམ།