97981

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྟག་ཚང་ལྷ་མོ་ཀིརྟི་དགོན་བློ་གླིང་དགེ་ལྡན་བཀྲ་ཤིས་འཁྱིལ་ (1)
Part of speech མིང་ཚིག
Definition སྟག་ཚང་ལྷ་མོ་ཀིརྟི་དགོན་བློ་གླིང་དགེ་ལྡན་བཀྲ་ཤིས་འཁྱིལ། མདོ་སྨད་མཛོད་དགེ་བཞག་ལྡོམ་ཡུལ་ཚོའི་ཁོངས་སུ་ཡོད། ཆོས་བརྒྱུད་དགེ་ལུགས། ཀིརྟི་ཚང་གི་མ་དགོན་གཉིས་པ་དང༌། ཀིརྟི་ཚང་གི་གདན་ས་ཆེ་ཁག་བཞིའི་ཡ་གྱལ། རབ་བྱུང་བཅུ་གསུམ་པའི་ས་འབྲུག་ཕྱི་ལོ་ ༡༧༤༨ ལོར་སྐྱབས་མགོན་ཀིརྟི་སྐུ་ཕྲེང་ལྔ་པ་གྲུབ་དབང་བློ་བཟང་བསྟན་པའི་རྒྱལ་མཚན་གྱིས་ཕྱག་བཏབ། མཚན་ཉིད་གྲྭ་ཚང་དང༌། རྒྱུད་སྟོད་གྲྭ་ཚང༌། དུས་འཁོར་གྲྭ་ཚང༌། སྨན་པ་གྲྭ་ཚང་བཅས་སུ་མདོ་སྔགས་རིག་གནས་དང་བཅས་པའི་འཆད་ཉན་བྱེད། ཕྱི་ལོ་ ༡༩༥༠ གོང་དགེ་འདུན་ཞལ་གྲངས་ ༨༠༠ ལྷག་བཞུགས།