98003
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དུས་རབ་བྱུང་བཞི་པའི་ནང་ཚན་གར་རྟ་བསམ་འགྲུབ་དགོན་ཞེས་འགྲོ་མགོན་ཆོས་རྒྱལ་འཕགས་པས་བཏབ། རྗེས་མར་ས་སྐྱ་ཉམས་ནས་ཆོས་བརྒྱུད་ཀཿཐོག་ལ་གྱུར། རབ་བྱུང་བཅོ་ལྔའི་ནང་གྲུབ་དབང་པདྨ་བདུད་འདུལ་གྱི་དངོས་སློབ་ཉག་རོང་འོད་ཕུང་དགོན་པའི་བླ་མ་བཻ་རོ་བློ་བཟང་ཆོས་ལྡན་ལ་གཏེར་ཆེན་རིན་པོ་ཆེའི་ལུང་བསྟན་ནས་ཁྱེད་རང་དགེ་སློང་ནམ་སྙིང་སྤྲུལ་པ་ཡིན་པས་ས་ངན་ནང་ལ་འགྲོ་དོན་ཡོད་གསུངས་པས་ཁོང་ས་ངན་ཕྱོགས་སུ་བྱོན་ནས། གཙུག་ལག་ཁང་འདི་བཞེངས། དུས་འགྱུར་སྐབས་དགོན་འདི་ལ་ཆག་འཇིག་མང་དུ་བྱུང་། ཤིང་བྱི་ལོར་ཡང་བསྐྱར་ལས་འགོ་འཛུགས་ནས་ཆུ་སྤྲེལ་ལོ་འདུ་ཁང་ཆེ་ཆུང་བཞི། ཇ་ཁང་གསུམ། ལོགས་སུ་གྲྭ་ཤག་༡༢ སྒྲུབ་ཁང་༡༢ ཇ་ཁང་༣ བཅས་གསར་བཞེངས་བྱས། |