98014
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྟག་ལུང་ཐང་པ་བཀྲ་ཤིས་དཔལ་གྱི་ཐུགས་ཀྱི་སྲས་ཆེན་བཞི་སྟེ། གདན་ས་ཆེན་པོ་ཉིད་དང་ནེ་བའི་རི་ཁྲོད་ཅི་རིགས་པར་བཞུགས་པ་བླ་མ་མུ་ཏོ་བས་གྲྭ་པ་ཉིས་བརྒྱ་ཙམ་སྐྱོང། གྲུབ་ཐོབ་ཚེ་རིང་པོའམ་དམ་པ་རྒྭ་སྟོན་བྱ་བ་མལ་གཅིག་ཏུ་མི་ལོ་ལྔ་བཅུ་རྩ་བདུན་སྒྲུབ་པ་ལ་བཞུགས། འབྲོ་བློ་བཙུན་བྱ་བ་མལ་གཅིག་ཏུ་མི་ལོ་དྲུག་ཅུ་སྒྲུབ་པ་ལ་རྩེ་གཅིག་ཏུ་བཞུགས། ཇོ་བོ་རྔ་འབུལ་བ་བྱ་བ་མི་ལོ་བཞི་བཅུར་བུག་སྒོ་འདག་སྦྱར་གྱིས་ཏིང་ངེ་འཛིན་ལ་གཡོ་མེད་དུ་བཞུགས་པ་བཅས་སོ། ། |
| Domain | ལོ་རྒྱུས། |