98016

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྟག་ལུང་པའི་བུ་ཆེན་བརྒྱད་ (1)
Part of speech མིང་ཚིག
Definition སྟག་ལུང་ཐང་པ་བཀྲ་ཤིས་དཔལ་ཉིད་དང་རྟོགས་པ་མཉམ་པའི་བུ་ཆེན་བརྒྱད་དེ། སྐུ་ཡལ་སྤྲུལ་པའི་སྐྱེས་མཆོག་རིན་ཆེན་མགོན་པོས་གདན་སར་བཞུགས་ཏེ་ཚོགས་པ་ལྔ་སྟོང་སྐྱོང། རྒྱ་ནག་སྟོང་ཁུན་གྱི་རྒྱལ་པའི་ཁབ་ཏུ་ཁོ་ཡོ་མཁན་རྒན་གྱིས་གྲྭ་པ་བདུན་བརྒྱ་སྐྱོང། རྒྱ་ནག་དང་བོད་ཀྱི་བར་ན་རྟོགས་ལྡན་སྦས་ངོས་གྲྭ་པ་ལྔ་བརྒྱ་སྐྱོང། ལྗང་ར་སྨུག་པོའི་རྒྱལ་ཁབ་ཏུ་ཨ་རྒོད་ཞིག་པོས་གྲྭ་པ་འབུམ་ཚོ་གསུམ་སྐྱོང། གཡང་མུ་རུ་མཆེད་བརྒྱད་ཀྱི་ཞོལ་དུ་རྗེ་རྫ་དགོན་པ་ཆེན་པོས་གྲྭ་པ་བདུན་སྟོང་རེ་སྐྱོང། པུ་སྤོར་གད་སྐྱ་ན་འཇམ་དབྱངས་ཛ་སེས་གྲྭ་པ་སུམ་བརྒྱ་སྐྱོང། མི་ཉག་གྷ་ན་གྷར་རང་གང་པས་གྲྭ་པ་ལྔ་བརྒྱ་སྐྱོང། ཡུལ་ལྒོ་ཤོད་ན་རྔོ་རི་རས་པས་གྲྭ་པ་སྟོང་ཉིས་བརྒྱ་སྐྱོང་བ་སྟེ་བརྒྱད་དོ། །
Domain ལོ་རྒྱུས།