98017
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྟག་ལུང་ཐང་པ་བཀྲ་ཤིས་དཔལ་གྱིས་ཤིང་རྟའི་སྲོལ་ཕྱེས་པའི་བཀའ་བརྒྱུད་པའི་རིང་ལུགས་ཤིག་སྟེ། སྣང་གྲག་རིག་གསུམ་གྱི་ཆོས་ཐམས་ཅད་སེམས་སུ་འདུས་ཤིང་། སེམས་ཉིད་རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་དུ་ཡང་མི་མངའ་བའི་འོད་དུ་གསལ་བ་འདོད་ཅིང་། སྣང་བ་སེམས་སུ་འདུས་པ་བཞེད་ཀྱང་སྣང་གཞི་སེམས་སུ་འདུས་པ་མི་བཞེད། །བདེ་སྟོང་མེད་དགག་ཙམ་ནི་གནས་ལུགས་ཡིན་ཀྱང་མཐར་ཐུག་གི་གནས་ལུགས་སུ་མི་བཞེད་དེ། ཆོས་རྗེ་སྟག་ལུང་པའི་ཞལ་གདམས་ཚོགས་ཆོས་སུ་གསུངས་པ་ལས། མཚན་ཉིད་པས་གཅིག་དང་དུ་བྲལ་གྱི་དོན་སྟོང་སྟོང་པོར་བློ་ཡུལ་དུ་བཞག་པ་དེས་དོན་མི་ཐོབས། འོན་ཀྱང་རྒྱུ་འབྲས་ཁྱད་གསོད་མི་བྱེད་ན་དེ་ཉིད་ཐར་པའི་ལམ་ཡིན་ཞེས་གསུངས་པའི་ཕྱིར་རོ། །མདོར་ན་གཞི་ཐ་མལ་གྱི་ཤེས་པ་ལེགས་པར་གཏན་ལ་ཕབས་ཏེ་ལམ་ཐབས་གྲོལ་གཉིས་ལ་བརྟེན་ནས་འབྲས་བུ་ལྷན་གཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱེད་པ་ནི་སྤྱིར་བཀའ་བརྒྱུད་ཡོངས་དང་དགོས་སུ་སྒྲུབ་བརྒྱུད་འདིའི་ཁྱད་ཆོས་སུ་མཐོང་ངོ་། ། |