98020
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བཀའ་བརྒྱུད་པའི་ནང་གསེས་ཤིག་སྟེ། བདེ་གཤེགས་ཕག་མོ་གྲུབ་པའི་ཐུགས་སྲས་མོས་གུས་མཐར་ཕྱིན་ཐང་པ་བཀྲ་ཤིས་དཔལ་གྱིས་ཕྱི་ལོ་༡༡༨༠ཐམ་པའི་ལོར་སྟག་ལུང་ཐང་དུ་ཆོས་སྡེ་ཕྱག་བཏབ་པ་ནས་བཟུང་། བླ་མའི་མཚན་ལ་སྟག་ལུང་ཐང་པ་དང་ཁོང་གི་ཆོས་བརྒྱུད་ལ་སྟག་ལུང་བཀའ་བརྒྱུད་ཅེས་འབོད་ཅིང་། ཐབས་ལམ་ན་རོ་ཆོས་དྲུག་དང་ཐབས་བྱུང་ཕྱག་རྒྱ་ཆེན་པོ་ཉམས་བཞེས་ཐོག ཇོ་བོ་བཀའ་གདམས་པའི་ལུགས་ཀྱི་བློ་སྦྱོང་དང་། ལྷག་པར་དུ་དྭགས་ལུགས་བདེ་མཆོག་མཁའ་འགྲོའི་སྙན་བརྒྱུད་རྩལ་བཏོན་མཛད་པའི་སྒྲུབ་བརྒྱུད་རིང་ལུགས་འཛིན་པ་ཞིག་གོ ། |