98022

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྟག་ལུང་བཀྲ་ཤིས་དཔལ་བ་ (1)
Part of speech མིང་ཚིག
Definition རབ་བྱུང་བརྒྱད་པའི་ལྕགས་སྦྲུལ་ཕྱི་ལོ་༡༤༦༡ ལོར་བྱེ་མར་འཁྲུངས། ཆུང་དུས་ནས་ཡི་གེའི་སྦྱོར་ཀློག་མཁྱེན། ཆོས་རྗེ་ངག་དབང་གྲགས་པ་དཔལ་བཟང་པོ་ལས་རབ་ཏུ་བྱུང། མཚན་ལ་བཀྲ་ཤིས་དཔལ་བ་ཞེས་གསོལ། དབང་ལུང་མན་ངག་མང་དུ་ཞུས། བཅུ་གསུམ་པ་རབ་བྱུང་བརྒྱད་པའི་ཆུ་སྦྲུལ་ཕྱི་ལོ་༡༤༧༣ ལོར་སྟག་ལུང་དགོན་པའི་གདན་སར་ཕེབས། ཆོས་རྗེ་ངག་དབང་གྲགས་པ་དཔལ་བཟང་པོ་ལས་བརྟག་གཉིས། རྒྱུད་གསུམ་མན་ངག སྤྱོད་འཇུག ནཱ་རོ་ཆོས་དྲུག དབུ་སེམས་ཀྱི་སེམས་བསྐྱེད། བློ་སྦྱོང་དོན་བདུན་མ། ལམ་འབྲས། བཀའ་གདམས་ལམ་རིམ། སྦྱོར་དྲུག་དུས་ཞབས་སྙན་བརྒྱུད། གདན་བཞིའི་འགྲེལ་བ། ཕྱག་རྒྱ་ཆེན་པོ། བཀའ་བརྒྱུད་ཀྱི་ཆོས་སྐོར་ལ་ལེགས་པར་གསན། བསྙེན་རྫོགས་ཀྱི་སྡོམ་པ་བཞེས། ཆེན་པོའི་གདན་སའི་ཁྲི་ལ་བཞུགས་ཀྱང་། སྤྱོད་པ་དགེ་སློང་དཀྱུས་མ་ཞིག་དང་འདྲ་བར་བཞུགས། གཙུག་ལག་ཁང་ཞིག་གསོ་དང་། སྐུ་གསུང་ཐུགས་རྟེན་བཅས་མང་དུ་བཞེངས། གདན་སར་ལོ་ངོ་སོ་ལྔ་བར་བཞུགས། ཞེ་བདུན་པ་རབ་བྱུང་དགུ་པའི་ས་འབྲུག་ཕྱི་ལོ་༡༥༠༨ ལོར་སྐུ་གཤེགས། སྟག་ལུང་དགོན་པའི་གདན་རབས་བཅུ་གསུམ་པ་ཡིན། མཚན་གཞན། ཆོས་རྗེ་བཀྲ་ཤིས་དཔལ་བ་ཕྱི་མ།