98025

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྟག་ལུང་མར་ཐང་དབྱི་ཤོད་དཔལ་གྱི་རི་བོ་ཆེ་ (1)
Part of speech མིང་ཚིག
Definition སྟག་ལུང་བཀའ་བརྒྱུད་པའི་གདན་ས་ཡར་མར་གཉིས་ཀྱི་ཡ་གྱལ་ཏེ། སྟག་ལུང་པའི་གདན་རབས་བཞི་པ་རྗེ་བཙུན་སངས་རྒྱས་དབོན་གྲགས་པ་དཔལ་འོད་ཟེར་བཟང་པོས་ཕྱི་ལོ་ ༡༢༧༦ ལོར་ཕྱག་བཏབ་ཅིང་། ནང་གསེས་སུ་ཕྱེས་ན་བདེ་སྟོང་ཕྱག་རྒྱ་ཆེན་པོ་ཉམས་བཞེས་ཐོག་བདེ་དགྱེས་གསང་གསུམ་གྱི་རྒྱུད་སྡེར་རྩལ་འདོན་མཛན་མཁན་རྩ་བའི་བརྒྱུད་འཛིན་གསར་མ་གྲྭ་ཚང་སྒྲུབ་བརྒྱུད་བསྟན་རྒྱས་གླིང་། ཕྱག་རྫོགས་ཟུང་འབྲེལ་གྱི་ཉམས་བཞེས་ཐོག དགོང་དགོངས་ཕུར་གསུམ་རྩལ་འདོན་མཛད་པའི་རྙིང་མ་གྲྭ་ཚང་གསང་སྔགས་བདུད་འདུལ་གླིང་། ཐབས་ལམ་ན་རོ་ཆོས་དྲུག་དང་ཐབས་བྱུང་ཕྱག་བརྒྱ་ཆེན་པོ་ལ་རྩལ་འདོན་མཛད་པའི་སྟག་ལུང་གྲྭ་ཚང་བཀའ་བརྒྱུད་སྡོམ་གསུམ་གླིང་བཅས་གྲྭ་ཚང་གསུམ་དང་། སྤྱི་ལ་བཤད་གྲྭ་གཅིག་བཅས་ཡོད་པ་དང་ད་བར་གདན་རབས་ཉེར་གསུམ་བྱོན་ཟིན།