98026
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བདུན་པའི་ཆུ་ལུག་ཕྱི་ལོ ༡༤༠༣ ལོར་འཁྲུངས། དཔལ་མཁའ་སྤྱོད་པའི་གསུངས་ལས་ཁོང་ནི་སྔོན་གྱི་འཕེན་པའི་ལྷག་མས་བྱང་ཕྱོགས་ཀྱི་རྒྱུད་བླ་མའི་གནས་སུ་སྤྱོད་ཅིང་། དེའི་འཕྲིན་ལས་སྒྲུབ་པར་བྱེད་དོ་ཞེས་སྐུ་ཡལ་བའི་སློབ་མ་བཀྲ་ཤིས་གྲགས་པར་གྱུར་པའི་རྟེན་འབྲེལ་ལ་རྟེན་ནས་དཔལ་མཁའ་སྤྱོད་པ་ཉིད་ཡིན་པའི་ངེས་པ་དུ་མ་ཡོད་དོ་ཞེས་ཟེར། ཉེར་གཉིས་པ་རབ་བྱུང་བདུན་པའི་ཤིང་འབྲུག་ཕྱི་ལོ ༡༤༢༤ ལོར་སྟག་ལུང་དགོན་པའི་གདན་སར་ཕེབས། གདན་སར་ལོ་ངོ་བདུན་རིང་བཞུགས། རབ་བྱུང་བདུན་པའི་ལྕགས་ཁྱི་ཕྱི་ལོ ༡༤༣༠ ལོར་ཆོས་རྗེ་བཀྲ་ཤིས་དཔལ་འོད་སྟག་ལུང་གདན་སར་མངའ་གསོལ། ཀུན་སྤངས་མཛད། ཡུལ་སྟོད་སྨད་ཀུན་ཏུ་བྱོན། གཟིམས་སྤྱིལ་དུ་མཛད། ཞེ་དྲུག་པ་རབ་བྱུང་བརྒྱད་པའི་ས་འབྲུག་ཕྱི་ལོ ༡༤༤༨ ལོར་མདོ་ཁམས་སུ་སྐུ་གཤེགས། སྟག་ལུང་དགོན་པའི་གདན་རབས་བཅུ་པ་ཡིན། མཚན་གཞན། ཆོས་རྗེ་བྱང་ཆུབ་རྒྱ་མཚོ། |